42286
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྟགས་ཀྱི་ཁྱད་པར་ནི། ངེས་པའི་རྟགས་ལ་དྲུག་སྟེ། ཀུན་བཏུས་ལས། འགྲོ་བ་ཐགས་ཐོགས་མེད་དོ་ཞེས་དང་། མཛོད་ལས། ཐོགས་མེད་འགྲོ་ཞེས་པས། ལུས་ཀྱི་རྟགས་སྔར་རི་རབ་ཁང་ཁྱིམ་སོགས་ལ་ཐོགས་པ་ཡིན་པ་ལ། ད་ལྟ་དེ་རྣམས་ལ་མི་ཐོགས་པར་འགྲོ་བ་དང་། སྔར་ཡུལ་གཞན་དང་གཞན་དུ་འགྲོ་བ་ལ་འབད་རྩོལ་དང་བཅས་པ་ཡིན་ལ། ད་ལྟ་འབད་རྩོལ་མི་དགོས་པར་བསམ་པ་ཙམ་གྱིས་སླེབས་པ་དང་། སྔར་ཆུ་ལ་ཕྱིན་ན་འབྱིང་བ་དང་སྦང་བ་དང་གཡང་ལ་ལྷུང་བ་ལ། ད་ལྟ་དེ་དག་ལ་ཕྱིན་ཀྱང་དེ་དག་མི་ཡོང་བ་དང་། ངག་གི་རྟགས་སྔར་ཡུལ་མི་ཁྱིམ་མཚེས་ཉེ་འབྲེལ་རྣམས་ལ་གཏམ་བྱས་པ་ན་གཏམ་ལན་ཡོང་བ་ཡིན་པ་ལ། ད་ལྟ་དེ་དག་གིས་མི་ཚོར་ཞིང་གཏམ་ལན་མི་འོང་བ་དང་། ནང་ན་རོ་རྐྱང་ལ་སོགས་པའི་རྩ་དང་ཁམས་དཀར་དམར་རགས་པ་མེད་པས་ཕྱི་རོལ་དུ་ཉི་ཟླ་གཟའ་སྐར་ལ་སོགས་པའི་སྣང་བ་མི་འཆར་བ་དང་། གང་དུ་ཕྱིན་ཀྱང་ལུས་ཀྱི་གྲིབ་མ་མི་འབྱུང་། རྐང་པའི་རྗེས་མི་ཡོང་བ་སྟེ་དྲུག་པོ་དེ་ཚང་ན་ངེས་པར་བར་དོ་ན་ཡོད་པའི་རྟགས་ཡིན་པས་ངེས་པའི་རྟགས་སོ་ཞེས་འཇམ་མགོན་ཨ་མེས་ཞབས་ཀྱི་བར་དོ་ཆོས་བཤད་སྒྲིབ་པ་ཀུན་སེལ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:བར་སྲིད་དུ་ངེས་པའི་རྟགས་
|; |@@@ | | }}