42288
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྐྱེ་བ་ལེན་ཚུལ་གྱི་ཁྱད་པར། ལྷར་སྐྱེ་ན་ལྷའི་བར་དོ་དེ་རང་གི་ལུས་སྐྱོ་ནས་ལུས་ཀྱི་སྒོ་ནས་གཞན་ལུས་གཅིག་ལོང་ན་སྙམ་པ་བྱེད་ཅིང་ཚོལ་བ་ལ། རྣམ་བྱང་འོད་དཀར་པོ་ལམ་ལྟ་བུ་ཤར་བ་ལ་སེམས་ཟིན་ཏེ་འོད་དེ་ཇེ་གསལ་དུ་གྱུར་པས། ཇི་ཞིག་ལྟར་ལ་སྐྱེ་གནས་རྣམས་རིན་པོ་ཆེའི་གཞལ་ཡས་ཁང་དུ་སྣང་བ་ལ། འདིར་བསྡད་པར་བྱའོ་སྙམ་དུ་སྲེད་ཅིང་ཆགས་པས་ཅུང་ཟད་བརྒྱལ་ཏེ་འདོད་གཟུགས་གང་རུང་གི་ལྷར་བརྫུས་ཏེ་སྐྱེའོ། །ལྷ་མ་ཡིན་ནི། གནས་སྔར་དང་འདྲ་བ་ལ་རྣམ་བྱང་ལྗང་ཁུ་ལ་སེམས་ཟིན་པས་སྐྱེ་གནས་ནགས་ཚལ་ཉམས་དགའ་བར་སྣང་ངོ་། །མི་ལ་གླིང་བཞི་ལས་འཛམ་བུའི་གླིང་དུ་སྐྱེ་ན་རྣམ་བྱང་འོད་ཀྱི་སྣང་བ་སེར་པོ་ལམ་ལྟ་བུ་ལ་སེམས་ཟིན་ནས། སྐྱེ་གནས་དེ་ཁང་བཟང་སོགས་སུ་འཕྲུལ་ནས་དེར་གནས་པའི་སྲེད་པས་ཅུང་ཟད་བརྒྱལ་ནས་བརྫུས་སྐྱེས་སམ་དྲོད་གཤེར་སྐྱེས་སུ་སྐྱེ་ལ། མངལ་སྐྱེས་ཡིན་ན་ཕ་མ་ཉལ་པོ་བྱེད་པ་མཐོང་སྟེ། ཕོར་སྐྱེ་ན་མ་ལ་ཆགས་པ་དང་ཕ་ལ་ཁོང་ཁྲོ། མོར་སྐྱེ་ན་དེ་ལས་བཟློག་པས་མའི་མངལ་དེ་ཀུན་དགའ་ར་བའམ་ཁང་བཟང་སོགས་སུ་འཁྲུལ་ནས། དེར་གནས་པར་བྱའོ་སྙམ་པ་ལས་ཁུ་ཁྲག་གི་དབུས་སུ་རྣམ་ཤེས་ཞུགས་པ་དང་། སྲང་མདའི་མཐོ་དམན་གྱི་ཚུལ་དུ་བར་སྲིད་འགག་གོ ། ཁྱད་པར་སྒྲ་མི་སྙན་དུ་སྐྱེ་ན་སྐྱེ་གནས་དེ་རྟ་ཕོ་མོས་བརྒྱན་པའི་མཚོ་དང་། ཤར་ལུས་འཕགས་པོར་སྐྱེ་ན་ངང་པ་ཕོ་མོས་བརྒྱན་པའི་མཚོ་དང་། ནུབ་བ་གླང་སྤྱོད་དུ་སྐྱེ་ན་བ་གླང་ཕོ་མོས་བརྒྱན་པའི་མཚོར་སྣང་ངོ་ཞེས་འཇམ་མགོན་ཨ་མེས་ཞབས་ཀྱི་བར་དོ་ཆོས་བཤད་སྒྲིབ་པ་ཀུན་སེལ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:བར་སྲིད་མཐོ་རིས་སུ་སྐྱེ་ཚུལ་
|; |@@@ | | }}