42306
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྐུན་མས་ནོར་བདག་ལ་རྐུན་དངོས་ངོ་མའམ་སྐྱིན་ཚབ་འཇལ་དགོས་པའི་ཁྲིམས་སྲོལ་དེ་ལ་ཟེར། དེ་ཡང་བརྐུ་བྱའི་དངོས་པོ་དེ་ཡི་སྐྱིན་ཚབ་དང་ཉེས་ཆད་འཇལ་ཚུལ་དེར་འགྱུར་ལྡོག་རིམ་པར་བྱུང་ལ་གཙང་པ་སྡེ་སྲིད་ཀྱི་ཁྲིམས་ཡིག་ནང་གསལ་དཔེ་མཚོན་དུ་བཀོད་ན། གཅིག བཙན་པོའི་ཁྲི་འཇལ་ཞེས་པ་ཡུལ་གྱི་རྒྱལ་པོའི་རྒྱུ་ནོར་བརྐུས་ན་འཇལ་གྱི་ཉེས་ཚད་ཁྲི་གཅིག་ཡིན་པ་དང༌། གཉིས། དཀོན་མཆོག་གི་བརྒྱད་ཅུ་འཇལ་ཞེས་པ་བླ་མ་དགེ་འདུན་ལྷ་ཁང་ལ་སོགས་པའི་རྒྱུ་ནོར་བརྐུས་ན་རྐུ་དངོས་ཀྱི་ཉེས་ཆད་འཇལ་ཚད་ལྡབ་བརྒྱད་ཅུ་ཡིན་པ། གསུམ། འབངས་མི་སེར་རིམ་པ་འདྲ་མཉམ་གྱི་རྒྱུ་ནོར་བརྐུས་ན་རྐུ་དངོས་ཀྱི་ཉེས་ཆད་འཇལ་ཚད་བདུན་འགྱུར་ངོ་བརྒྱད། བཞི། ཁྱིམ་མཚེས་ཡུལ་མིས་བརྐུས་པ་ལ་བརྒྱད་འཇལ་ངོ་དགུ་ཟེར་བ་སྔར་སྲོལ་སྣ་ཚོགས་ཡོད། |
Domain | ཁྲིམས་ལུགས། |
{{#arraymap:བརྐུས་པ་འཇལ་གྱི་ཞལ་ལྕེ་
|; |@@@ | | }}