42447
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་འཁོར་བ་འབྱུང་བའི་རྒྱུ་རྣམ་བཞིའི་ནང་ཚན་སེམས་ཅན་རྣམས་འཁོར་བའི་གནས་སུ་བརྒྱུད་པར་བྱེད་པའི་རྒྱུ་སྟེ། རྫུ་འཕྲུལ་དྲྭ་བའི་རྒྱུད་ལས། བརྒྱུད་པའི་རྒྱུ་ནི་བདེར་གཤེགས་ཀྱི། སྙིང་པོ་རང་ལ་ཡོད་པ་དེ། ཡོད་པར་རང་གིས་མ་ཤེས་པ། བརྒྱུད་པས་འཁོར་བའི་རྒྱུ་རུ་འགྱུར། ཞེས་པས། སེམས་ཅན་རྣམས་ཀྱི་རྒྱུད་ལ་འཁོར་འདས་ཀྱི་གཞི་རྩ་ཀུན་གཞིའི་ཡེ་ཤེས་སམ་བདེ་བར་གཤེགས་པའི་སྙིང་པོ་ཡེ་ནས་རང་ཆས་སུ་ཡོད་ཀྱང་ཡོད་པ་དེ་ངོ་མ་འཕྲོད་ཅིང་། དེ་ཉིད་ལ་འཁྲུལ་ཏེ་གཞན་འཛིན་དང་གཞན་སྣང་རགས་པར་སྐྱེས་པས་ཀུན་གཞིའི་རྩལ་དུ་གང་ཤར་རྣམས་མ་དག་འཁྲུལ་སྣང་འབའ་ཞིག་སྟེ། དང་ཐོག་ཏུ་དེའི་རྩལ་ལས་རང་འོད་རྣམ་ལྔ་ཤར་བ་རྣམས་ཀྱང་ཕྱིའི་འབྱུང་ལྔ་རང་མཚན་དུ་འཁྲུལ་ཅིང་འཛིན་པས་དེ་ལས་ནང་གི་འབྱུང་ལྔ་སེམས་དང་ཤ་ཁྲག་དྲོད་དབུགས་སྨིན་ཅིང་འཁོར་བའི་གནས་སུ་འཁྱམས་པར་འགྱུར་བ་ཡིན་ལ། དེས་ན་ཀུན་གཞི་ཡེ་ཤེས་སམ་སེམས་ཀྱི་གནས་ལུགས་བདེར་གཤེགས་སྙིང་པོ་དེ་ཉིད་ངོ་མ་འཕྲོད་པས་དེ་ཉིད་ལས་འཁོར་བའི་བོན་རྣམས་འབྱུང་ཞིང་དེས་འཁོར་བའི་རྟེན་གཞི་བྱེད་པ་ཡིན་པས་གཞི་རང་ཉིད་ཀྱང་འཁོར་བ་བརྒྱུད་པའི་རྒྱུ་རུ་འགྱུར་ཞེས་གསུངས་པ་ཡིན་ནོ། ། |
Domain | ཆོས་ལུགས། |
{{#arraymap:བརྒྱུད་པའི་རྒྱུ་
|; |@@@ | | }}