From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བརྒྱུད་རྒྱུ་ (1)
| Part of speech
|
མིང་ཚིག
|
| Definition
|
སྐྱེད་བྱེད་ཀྱི་རྒྱུའི་ནང་གསེས། རང་འབྲས་བརྒྱུད་ནས་སྐྱེད་བྱེད་དེ། རང་གི་བསྐྱེད་བྱའི་འབྲས་བུ་དེ་སྐྱེ་བ་ལ་རང་གི་དངོས་སུ་མི་སྐྱེད་པར་བར་དུ་ཆོས་གཞན་ཞིག་བརྒྱུད་ནས་སྐྱེད་པ། མེའི་སྔ་ལོགས་སུ་བྱུང་བའི་རྒྱུ་དེ་དུ་བའི་བརྒྱུད་རྒྱུ་ཡིན་པ་ལྟ་བུ།
|
| Domain
|
ཚད་མ།
|
བརྒྱུད་རྒྱུ་ (2)
| Part of speech
|
མིང་ཚིག
|
| Definition
|
རྒྱུ་ལ་ངོ་བོའི་སྒོ་ནས་གཉིས་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། བརྒྱུད་རྒྱུའི་མཚན་ཉིད། ཆོས་དེའི་རྒྱུ་གང་ཞིག ཆོས་དེའི་རྒྱུ་དང་ཁྱོད་ཀྱི་འབྲས་བུ་གཉིས་ཀ་ཡིན་པ་ཡོད་པ། ཞེས་གསུངས།
|