42486

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྗིད་པའི་ཡོན་ཏན་ (1)
Part of speech མིང་ཚིག
Definition བརྡ་སྤྲོད་པའི་གཞུང་རྣམས་ལས་འབྱུང་བའི་ཚིག་སྡུད་གཙོ་བྱས་ནས་ཡི་གེ་འཇམ་རྩུབ་དོ་མཉམ་ཞིང་། གཙོ་བོ་ཚིག་ལྷུག་ལ་སྦྱོར་བ་ལྷོ་བའི་ལུགས་དང་། ཡི་གེ་འཇམ་རྩུབ་དོ་མི་མཉམ་ཞིང་གཙོ་བོ་ཚིགས་བཅད་ལ་སྦྱོར་བ་ཤར་བའི་ལུགས་ཡིན། འདིའི་ཡི་གེ་འཇམ་རྩུབ་གཙོ་བོ་སྡེབ་སྦྱོར་གྱི་ཡི་གེ་ལྕི་ཡང་ལ་གོ་དགོས།
Example ལྷོ་བའི་ལུགས་ལ། བོད་མཁས་པས། ཁ་དོག་ཟླ་བ་ཆུ་ཤེལ་བཞིན་དུ། །དཀར་ལ་མཛེས་པའི་སྒྲ་དབྱངས་ལྷ་ཁྱོད། །མ་ལ་བདག་སོགས་སྒྱུ་མའི་ལུས་ཅན། །ཀུན་ལ་བརྩེ་བ་ཅི་ཕྱིར་མི་གཡོ། །ཞེས་དང་། ཤར་བའི་ལུགས་ལ། བོད་མཁས་པས། མཛེས་མ་བཞིན་གྱི་ཟླ་རྒྱས་མཚར་བ། །ག་བུར་ཟེར་ཕྲེང་ཀུ་མུད་ལ་བཞིན། །འཛུམ་དཀར་ཕ་རོལ་བ་དེར་སྤྲོས་ན། །ཡིད་ལ་ཀུན་དགའ་ཅི་ཕྱིར་མི་དགོད། །ལྟ་བུ།
Domain རྩོམ་རིག

{{#arraymap:བརྗིད་པའི་ཡོན་ཏན་

|; |@@@ | | }}