42508
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མངོན་པ། བརྗེད་ངེས་ཞེས་པ་ནི། ཉོན་མོངས་ཀྱི་དམིགས་པ་དྲན་པའི་སྒོ་ནས་དགེ་བ་ལ་སེམས་མི་གསལ་ཞིང་བརྗེད་པར་བྱེད་པའི་སེམས་བྱུང་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། བརྗེད་ངེས་པ་གང་ཞེ་ན། ཉོན་མོངས་པ་དང་མཚུངས་པར་ལྡན་པའི་དྲན་པ་སྟེ། གཡེང་བའི་རྟེན་བྱེད་པའི་ལས་ཅན་ནོ། །ཞེས་གསུངས། འདིའི་བྱེད་ལས་ནི། དྲན་པ་ཉོན་མོངས་ཅན་ལ་བརྟེན་ནས་ཉོན་མོངས་པའི་དམིགས་པ་རྣམས་ལ་སེམས་གཡེང་བར་བྱེད་པའོ། ། |
| Domain | ཆོས་ལུགས། |