42531

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྗོད་པ་ (1)
Part of speech མིང་ཚིག
Definition རྗོད་པའི་འདས་པ་དང་མ་འོངས་པའི་བྱ་བའི་མིང་།
བརྗོད་པ་ (2)
Part of speech མིང་ཚིག
Definition མིང་ཚིག་བརྗོད་པ་གསུམ་དུ་ཕྱེ་བའི་བརྗོད་པ་ནི། ཚིག་མང་པོ་སྦྲེལ་ནས་གྲུབ་པའི་དོན་ལྡན་གྱི་ངག་གི་ཕྲེང་བ།
Domain སྒྲ་རིག་པ།
བརྗོད་པ་ (3)
Part of speech མིང་ཚིག
Definition གཏམ་དང་རྩོམ་ཡིག་སོགས་ཀྱི་བརྗོད་བྱ།
བརྗོད་པ་ (4)
Part of speech མིང་ཚིག
Definition མདོ། མངོན་པ། བྱེ་བྲག་སྨྲ་བ། མིང་ཚིག་བརྗོད་པ་གསུམ་གྱི་ནང་གསེས་ཤིག་སྟེ། དེ་ཡང་ཉན་ཤེས་ཀྱི་ཡུལ་དུ་གྱུར་པའི་གཟུགས་ཞེས་བརྗོད་པའི་སྒྲའམ་སྐད་དེ་མ་ཡིན་པའི་གཟུགས་ཞེས་བརྗོད་པ་ཙམ་གྱི་ལྡན་མིན་འདུ་བྱེད་ཞིག་ཡིན་ཏེ། སེར་སྨད་རྒྱལ་དབང་མཛོད་ལས། བྱེ་བྲག་སྨྲ་བའི་ལུགས་ལྟར་ན་ཡང༌། མིང་ཚིག་ཡི་གེ་གསུམ་པོ་རྗོད་བྱེད་དུ་ནི་འདོད་དགོས་པས། དེས་ན་རྗོད་བྱེད་ལ་སྒྲའི་རྗོད་བྱེད་དང༌། རྟོག་པའི་རྗོད་བྱེད་གཉིས་སུ་དབྱེ་བ་ཡིན་ལ། དེའི་ཕྱིར་བརྗོད་པ་ལ་ཡང་ངག་གིས་བརྗོད་པ་དང༌། ཡིད་ཀྱིས་བརྗོད་པ་གཉིས་སུ་འདོད་དགོས་སོ། །འོ་ན། གཟུགས་ཞེས་བརྗོད་པ་དེ་ཉན་ཤེས་ཀྱི་ཡུལ་མིན་ནམ་ཞེ་ན། གཟུགས་ཞེས་བརྗོད་པའི་སྒྲའམ་སྐད་དེ་ཉན་ཤེས་ཀྱི་ཡུལ་ཡིན་པ་ལས། གཟུགས་ཞེས་བརྗོད་པ་ཙམ་ཉན་ཤེས་ཀྱི་ཡུལ་མིན་པའི་ཁྱད་པར་དབྱེ་དགོས་པས་ན། གཞུང་གཞན་དག་ལས་བརྗོད་པ་དང༌། སྒྲ་སོ་སོར་འབྱེད་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །ཞེས་གསུངས།
Domain ཆོས་ལུགས།