42546

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྗོད་བཅས་ (1)
Part of speech མིང་ཚིག
Definition འདུལ་བའི་བརྡ་ཆད་ཅིག་སྟེ། ལྟུང་བ་ཕྱིར་བཅོས་ཀྱི་ནང་གསེས་ཤིག ལྟུང་བ་གླེང་ཡང་སྐབས་མི་འབྱེད་ན་བརྗོད་པ་དང་བཅས་པ་བྱེད་དགོས་པ་དེ་ཇི་ལྟར་ཞེ་ན། ཚེ་དང་ལྡན་པ་ཁྱོད་ལ་དགེ་འདུན་གྱིས་བརྗོད་པ་དང་བཅས་པ་ཉིད་བྱས་པ་ཡིན་གྱི། དགེ་འདུན་ལ་མ་ཞུས་པར་ཁྱོད་གནས་གཞན་དུ་མ་འགྲོ་ཞིག་བརྗོད། དེས་མ་ཐུལ་སྐབས་མི་འབྱེད་ན་གདམས་ངག་བཞག་པ་དང༌། གསོ་སྦྱོང་དང་དགག་དབྱེ་བཞག་པ་སོགས་ཀྱི་ནན་ཏུར་བྱ་ལ། དེས་མ་ཐུལ་ན་གནས་དབྱུང་བྱ་བའོ། །
Domain ཆོས་ལུགས།