42549
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བརྡ་ལས་གོ་བར་བྱ་བ་དེ་བརྗོད་བྱའི་མཚན་ཉིད། མཚན་གཞི་གཉིས་ལས། འཇུག་དུས་ཀྱི་མཚན་གཞི་ནིི། བུམ་པ་དེ་བུམ་པ་ཞེས་བརྗོད་པའི་སྒྲའི་བརྗོད་བྱ་ཡིན་ནོ། །ཡང་ན་ལྟོ་ལྡིར་བ་དེ་དེའི་བརྗོད་བྱ་ཡིན་ནོ། །འཆད་དུས་ཀྱི་མཚན་གཞི་ནི། འཆད་པའི་ཚེ་བུམ་པ་ཞེས་པའི་སྒྲའི་བརྗོད་བྱར་སོང་ཚོད་ནི། བུམ་པའི་སྒྲ་དོན་དང་གཞན་སེལ་ཁོ་ན་ཡིན་ལ། དངོས་ཀྱི་བརྗོད་བྱ་ཡང་དེ་ཉིད་དོ། །ཞེན་པའི་བརྗོད་བྱར་སོང་ཚོད་ནི་བུམ་པ་རང་མཚན་པ་དེ་ཉིད་ཡིན་ལ། དེ་ནི་བུམ་པ་ཞེས་པའི་སྒྲའི་བརྗོད་བྱ་མ་ཡིན་ཏེ། རང་མཚན་ཡིན་པའི་ཕྱིར་རོ། །ཞེེས་པཎ་ཆེན་ཤཱཀ་མཆོག་གི་རྟོག་གེ་འཁྲུལ་འཇོམས་ལས་སོ། །དབྱེ་བ་ལ། བུམ་པ་ཞེས་པའི་སྒྲས་བུམ་པ་བརྗོད་པ་ལྟ་བུ་ལ་མཚོན་ན། འཆད་དུས་ཀྱི་བརྗོད་བྱ་དང་། འཇུག་དུས་ཀྱི་བརྗོད་བྱ་གཉིས་ལས། འཆད་དུས་ཀྱི་བརྗོད་བྱ་ལ། དངོས་ཀྱི་བརྗོད་བྱ་དང་། ཞེན་པའི་བརྗོད་བྱ་གཉིས། དངོས་ཀྱི་བརྗོད་བྱ་ནི་བུམ་པའི་དོན་སྤྱི་ལྟ་བུའོ། །ཞེན་པའི་བརྗོད་བྱ་ནི་བུམ་པ་རང་མཚན་ལྟ་བུའོ། །འཇུག་དུས་ཀྱི་བརྗོད་བྱ་ལ་དངོས་དང་ཞེན་པ་གཉིས་སུ་ཕྱེ་བ་མེད་དེ། འཇུག་པའི་ཚེ། རྟོག་པའི་དངོས་ཡུལ་དང་དོན་རང་མཚན་གཅིག་ཏུ་འཁྲུལ་ནས་འཇུག་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། ། |
| Domain | སྒྲ་རིག་པ། |