42552
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དབུ་མ་ལ་རྗོད་བྱེད་ཚིག་གི་དབུ་མ་དང་། བརྗོད་བྱ་དོན་གྱི་དབུ་མ་གཉིས་སུ་གནས་པ་ལས། དང་པོ་ནི། ཤེར་ཕྱིན་འབུམ་པ་ལྟ་བུའི་བཀའ་དང་། དབུ་མ་རྩ་བ་ཤེས་རབ་ལྟ་བུའི་བསྟན་བཅོས་རྣམས་སོ། །གཉིས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་མཐའ་གཉིས་ལས་འདས་པ་སྟེ། སྣང་བའི་འཆར་སྒོ་མ་འགག་པས་ཆད་པའི་མཐའ་ལས་འདས། སྣང་དུས་ཉིད་ནས་མཐའ་གང་དུ་ཡང་བཟུང་དུ་མེད་པས་རྟག་པའི་མཐའ་ལས་འདས་པའོ། །ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་མཐའ་གཉིས་ལས་འདས་པ། འབྲས་བུ་དབུ་མ་སྤྲོས་པའི་མཐའ་བྲལ་རྟོགས་པའི་ལྟ་བ་རྗེས་འབྲངས་དང་བཅས་པ། འབྲས་བུ་དབུ་མ་སྤྲོས་པ་མ་ལུས་ཞི་བ་སྟེ། འདི་ནི་བརྗོད་བྱ་དོན་གྱི་དབུ་མའོ། །ཞེས་ཀུན་མཁྱེན་རོང་སྟོན་ཆེན་པོའི་དབུ་འཇུག་འགྲེལ་པ་ལས་གསུངས་སོ། །བརྗོད་བྱ་དོན་གྱི་དབུ་མ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཆོས་དབྱིངས་དང། རྗོད་བྱེད་ཚིག་གི་དབུ་མ་དེ་དག་བརྗོད་བྱར་སྟོན་པའི་གཞུང་གི་ཚོགས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་འཇུག་པའི་དཀའ་འགྲེལ་ལས་གསུངས་སོ། ། |
| Domain | ཆོས་ལུགས། |