42553

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྗོད་བྱ་སྤོང་བདུན་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལུས་ཀྱི་མི་དགེ་བ་རྐུ་དང་ལོག་གཡེམ་དང་སྲོག་གཅོད་པ་བཅས་གསུམ་དང་། ངག་གི་མི་དགེ་བ་རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཆལ་བཞི་སྟེ་བདུན་སྤོང་པའི་ཚུལ་ཁྲིམས་ལ་ཟེར། དེའི་ཐོབ་ཚུལ་དང་བཅས་པ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། འོ་ན། བརྗོད་བྱ་སྤོང་བདུན་འཁོར་བཅས་ཀྱི་སོ་སོ་ཐར་པའི་ཚུལ་ཁྲིམས་དེ་གང་ལས་ཐོབ་པ་ཡིན་ཞེ་ན། ཚེགས་ཆུང་བ་སྔོན་གྱི་ཆོ་ག་ལ་བརྟེན་ནས་ཐོབ་པ་དང་། ཚེགས་ཆེ་བ་ད་ལྟ་བའི་ཆོ་ག་ལ་བརྟེན་ནས་ཐོབ་པ་གཉིས་གསུངས་པ་ལས། དང་པོའི་དབང་དུ་བྱས་ནས། བསྟན་བཅོས་འདིར་དགེ་འདུན་ཐམས་ཅད་འདུས་པ་ན་ཆ་ལུགས་འདི་བཞིན་བྱས། རྒན་རིམ་ལ་ཕྱག་འཚལ་ཏེ། ཐལ་མོ་སྦྱར། ཙོག་ཙོག་པུར་འདུག་ཅིང་། གསོལ་བ་གདབ་པར་གྱུར་པ་གསུམ་དང་། གསོལ་བ་དང་བཞིའི་ལས་ཀྱིས་ཅིག་ཅར་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་པ་ཉེ་བར་བསྒྲུབ་པར་གྱུར་པ་ལྟ་བུ་ནི་སྔོན་གྱི་ཆོ་གའོ། །ཞེས་གསུངས། མདོ་འདིས་ཁྱད་པར་དུ་མ་དང་ལྡན་པའི་སྔོན་ཆོག་བསྟན་པ་ཡིན་ལ། ཁྱད་པར་ཡོད་དེ། གང་ལས་ནོད་པ་ཡུལ་གྱི་ཁྱད་པར། གང་གིས་ནོད་པ་རྟེན་གྱི་ཁྱད་པར། ཇི་ལྟར་ནོད་པ་ཆོ་གའི་ཁྱད་པར། ཡོངས་སུ་རྫོགས་པ་འབྲས་བུའི་ཁྱད་པར་རྣམས་སུ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། མཚམས་ནང་གཅིག་ཏུ་གཏོགས་པའི་དགེ་འདུན་ཐམས་ཅད་འདུས་པ་ན་དེ་ལས་ནོད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།