42557

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྗོད་འདོད་ཀྱི་དཔེ་ (1)
Part of speech མིང་ཚིག
Definition དཔེ་རྒྱན་སོ་གཉིས་ཀྱི་ནང་གསེས་བཅོ་བརྒྱད་པ་སྟེ། མཚོན་བྱེད་དཔེ་དེ་ལ་སྐྱོན་དང་ཡོན་ཏན་གྱི་ཆ་གཉིས་གང་ཡོད་ཀྱང་རུང༌། དོན་དུ་མཚོན་བྱ་དཔེ་ཅན་དང་ཕན་ཚུན་མཚུངས་པའམ་འདྲའོ་ཞེས་ནན་ཏན་གྱི་སྒོ་ནས་བརྗོད་འདོད་ཡོད་པ་ཚིག་ཟིན་ལ་གསལ་བར་བསྟན་པ་ཞིག་ཡིན།
Example བོད་མཁས་པས། སྒྲིབ་དང་བྲལ་བའི་ཡོན་ཏན་གསལ་བྱེད་དམ། །གལ་ཏེ་སྐྱོན་གྱི་རྣམ་པ་འཛིན་ཀྱང་རུང་། ། ཁྱོད་ཐུགས་ཡེ་ཤེས་ཆེ་དང་ནམ་མཁའི་ཀློང་། །མཚུངས་ཞེས་བརྗོད་འདོད་བདག་གི་སྙིང་ལ་གནས། །ལྟ་བུ།
Domain རྩོམ་རིག