42561

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྗོོད་བྱེད་ཀྱི་སྒྲ་ (1)
Part of speech མིང་ཚིག
Definition འབྱུང་བཞི་ལ་བརྟེན་ནས་རང་བྱུང་གི་གྲགས་པ་མིན་པར་བརྗོད་པ་ལ་བརྟེན་ནས་བྱུང་བའི་རྣ་བའི་ཤེས་པའི་ཉན་བྱ་དེ་ལ་ཟེར་བ་ཡིན་ཏེ། མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་ཡུལ་ཡུལ་ཅན་གྱི་རྣམ་བཞག་གསལ་བའི་མེ་ལོང་ལས། གསུམ་པ་རྗོད་བྱེད་ཀྱི་སྒྲ་ལ། མཚན་ཉིད་དང། དབྱེ་བ་གཉིས་ལས། དང་པོ་ནི། རྗོད་བྱེད་ཀྱི་ཉན་བྱ། རྗོད་བྱེད་ཀྱི་སྒྲའི་མཚན་ཉིད། བརྡའི་དབང་གིས་རང་གི་བརྗོད་བྱ་གོ་བར་བྱེད་པའི་ཉན་བྱ་དེ། རང་ཉིད་རྗོད་བྱེད་ཀྱི་སྒྲ་ཡིན་པའི་མཚན་ཉིད། གཉིས་པ་ནི། དེ་ལ་དབྱེ་ན། ངོ་བོའི་སྒོ་ནས་མིང་ཚིག་ཡི་གེ་གསུམ་ཡོད་པ་ལས། ཞེས་གསུངས་པའི་ཕྱིར།
Domain ཚད་མ།