426
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་གཅིག་པའི་སྨད་དུ་འཁྲུངས། བོད་ཡུལ་དུ་མདོ་སྔགས་རིག་གནས་ཀུན་སྦྱངས། བསྟན་པའི་ཆོས་སྒོར་ཞུགས། དགེ་བསྙེན་གྱི་སྡོམ་པ་གནོས། ཁ་ཆེའི་ཡུལ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས། པཎ་གྲུབ་མང་པོ་ལས་ལེགས་སྦྱར་དང་རྒྱ་གཞུང་བཅས་ལ་དཔྱིས་ཕྱིན་པ་སྦྱངས། བཀའ་འགྱུར་ལས་རྒྱུད་ཕྱི་མ་ཕྱག་རྒྱ་ཆེན་པོ་ཐིག་ལེ་རྣལ་འབྱོར་མ་ཆེན་མོའི་རྒྱུད་ཀྱི་རྒྱལ་པོའི་མངའ་བདག་ལེའུ་ཉི་ཤུ་རྩ་བརྒྱད་པ་དང་། བསྟན་འགྱུར་ལས་དབང་རིན་ཆེན་སྣང་བ་བཅས་བསྒྱུར་གནང་མཛད་པའི་ལོ་ཙཱ་བ་ཞིག་ཀྱང་ཡིན། |