42626

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྟག་པ་རྣམ་པ་བརྒྱད་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་རྟགས་དང་རྟེན་འབྲེལ་བརྟག་པ་ལས་བྱུང་བ་སྟེ། སྐྱེས་པ་བརྟག་པ། བུད་མེད་བརྟག་པ། རི་དང་ཤིང་བརྟག་པ། རྒྱ་མཚོ་དང་ཆུ་བརྟག་པ། གོས་བརྟག་པ། ནོར་བུ་བརྟག་པ། རྟ་བརྟག་པ། གླང་པོ་བརྟག་པ་དང་བརྒྱད་དོ། །
བརྟག་པ་རྣམ་པ་བརྒྱད་ (2)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་མ་མོ་ལས་བསྟན་པ་སྟེ། བདེན་པ་བརྟག་པ། གནས་པ་བརྟག་པ། སྐྱོན་བརྟག་པ། ཡོན་ཏན་བརྟག་པ། ཚུལ་བརྟག་པ། འཇུག་པ་བརྟག་པ། རིགས་པ་བརྟག་པ། བསྡུ་བ་དང་རྒྱས་པ་བརྟག་པའོ། །