42638

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྟགས་པ་རང་རྒྱུད་ཀྱི་རུ་དྲ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། རུ་དྲ་ལྔའི་ཡ་གྱལ་ཞིག་སྟེ། དཀའ་འགྲེལ་རྡོ་རྗེ་ཐ་རམ་འབྱེད་པའི་ལྡེའུ་མིག་ལས། བརྟགས་པ་རང་རྒྱུད་ཀྱི་རུ་དྲ་མོས་པ་རྗེས་སུ་བཞག་པའི་ཤེས་པ་སྐྱེས་བུ་ཡུལ་གྱི་འདོད་པས་གདུང་བ་ལྟ་བུ་དང་། ཞེས་དང་། རུ་དྲ་ལམ་སྲོང་ལས། ཉོན་མོངས་འདོད་དང་གཟུང་འཛིན་གྱིས། །བརྟགས་པས་ཅི་བཞིན་དོན་ལ་སྒྲིབ། །ཅེས་པ་བཞིན་དེར་ཕྱེ་ན་གསུམ་སྟེ། དཀའ་འགྲེལ་རྡོ་རྗེ་ཐ་རམ་འབྱེད་པའི་ལྡེའུ་མིག་ལས། ལོག་པའི་དབང་གིས་ཉོན་མོངས་པ་ལྔར་བརྟགས་པ། རྟོག་པའི་དབང་གིས་གཟུང་འཛིན་དུ་བརྟགས་པ། ཞེན་པའི་དབང་གིས་འདོད་ཡོན་ལྔར་བརྟགས་པའོ། །དེ་ནི་གྲོལ་ཐར་པ་ལ་དད་ཅིང་མོས་པའི་ཤེས་པ་ཙམ་ཡོད་དེ། དཔེར་ན་སྐྱེས་བུ་སྙིང་དུ་སྡུག་པ་ལ་ཆགས་ཤིང་ཞེན་པ་ལྟ་བུའོ། །དེ་ནི་ལེའུ་ཉེར་གཅིག་པ་ཉེར་གཉིས་པ་ཉི་ཤུ་བ་གསུམ་གྱིས་སྟོན། ཞེས་གསུངས།
Domain ཆོས་ལུགས།