42639
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། ཉོན་མོངས་ལམ་དུ་འཁྱེར་སྐབས་བརྟགས་པ་བྱེད་ཚུལ་རྣམ་པ་ལྔ་སྟེ། ཉོན་མོངས་ཀམ་པོ་དེ་ལམ་དུ་འཁྱེར་དགོས་མིན་བརྟགས་པ། ཉོན་མོངས་ཀམ་པོ་དེ་སྤངས་ནས་དེའི་གཉེན་པོ་ལམ་དུ་འཁྱེར་དགོས་མིན་བརྟགས་པ། ཉོན་མོངས་གཏན་ཚིགས་ཀྱིས་གཞིགས་ནས་རང་བཞིན་མེད་པ་དེ་ལམ་དུ་འཁྱེར་དགོས་མིན་བརྟག་པ། ཉོན་མོངས་སྐྱེས་པ་དེ་འགགས་ནས་རྟིང་ལ་ད་ཅིའི་ཉོན་མོངས་དེ་རང་ཆོས་ཉིད་དོ་སྙམ་པའི་རྗེས་ཐོགས་ཀྱི་ཤེས་པ་དེ་ལམ་དུ་འཁྱེར་དགོས་མིན་བརྟགས་པ་དང་ལྔའོ། ། |
| Domain | ཆོས་ལུགས། |