42641
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། གང་ལ་སོ་སོར་བརྟགས་མིན་གྱི་འགོག་པ་ཐོབ་སའི་གཞི་སྟེ། དེ་ཡང་མུ་བཞིིའི་སྒོ་ནས་བཤད་དེ། སེར་སྨད་རྒྱལ་དབང་མཛོད་ལས། སོ་སོར་བརྟགས་འགོག་དང༌། བརྟགས་མིན་ཐོབ་པའི་གཞི་ལ་མུ་བཞི་རྩི་བས། དང་པོ་བརྟགས་འགོག་ཐོབ་པའི་གཞི་ཡིན་ལ་བརྟགས་མིན་ཐོབ་པའི་གཞི་མ་ཡིན་པ་ནི། ཟག་བཅས་འདས་པ་དང༌། ད་ལྟར་བྱུང་བ་དང༌། མ་འོངས་པ་སྐྱེ་བའི་ཆོས་ཅན་རྣམས་སོ། །གཉིས་པ་བརྟགས་མིན་ཐོབ་པའི་གཞི་ཡིན་ལ་བརྟགས་འགོག་ཐོབ་པའི་གཞི་མ་ཡིན་པ་ནི། ཟག་མེད་མ་འོངས་མི་སྐྱེ་བའི་ཆོས་ཅན་རྣམས་སོ། །གསུམ་པ་གཉིས་ཀ་ཡིན་པ་ནི། ཟག་བཅས་མ་འོངས་མི་སྐྱེ་བའི་ཆོས་ཅན་རྣམས་སོ། །བཞི་པ་གཉིས་ཀ་མ་ཡིན་པ་ནི་ཟག་མེད་སྐྱེ་བའི་ཆོས་ཅན་རྣམས་སོ། །ཞེས་གསུངས། |
Domain | [ཆོས་ལུགས།, ལྟ་གྲུབ།] |
Synonyms | སོ་སོར་བརྟགས་མིན་གྱི་འགོག་པ་ཐོབ་པའི་གཞི། སོ་སོར་བརྟགས་མིན་ཐོབ་པའི་གཞི། བརྟགས་མིན་ཐོབ་པའི་གཞི་རྣམས་སོ། ། |
{{#arraymap:བརྟགས་མིན་ཐོབ་པའི་གཞི་
|; |@@@ | | }}