From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བརྟན་པ་ (1)
| Part of speech
|
རྒྱན་ཚིག
|
| Definition
|
བརྟན་པོ་ཡི་བསྡུར་རིམ་གཉིས་པ། འཕོ་འགྱུར་མེད་པར་གནས་པའི་དོན་ཏེ།
|
| Example
|
ཤིང་གི་ཀ་བ་ལས་རྡོའི་ཀ་བ་བརྟན་པ་ཡོད་ལྟ་བུ།
|
| Synonyms
|
འགུལ་མེད། མི་གཡོ་བ། གཡུང་དྲུང་། མི་ཤིགས་པ། མི་འགྱུར་བ།
|
བརྟན་པ་ (1)
| Part of speech
|
མིང་ཚིག
|
| Definition
|
ཡིད་ཆེས་པའི་རྟོན་གྱི་བྱ་མིང་།
|
བརྟན་པ་ (2)
| Part of speech
|
མིང་ཚིག
|
| Definition
|
གཟའ་ཐམས་ཅད་ཀྱི་སྟེང་ན་གཡོ་བ་མེད་པར་གནས་པའི་སྐར་མ་ཞིག་སྟེ།
|
| Synonyms
|
བརྟན་པ། ཨ་བརྟན། དྷྲུ་བ། རྐང་སྟེང་བུ། གན་རྒྱལ་བུ། ལུགས་བཟང་སྐྱེས། རྒྱུ་སྐར་ཏོག རྟོད་ཕུར། གཟའི་རྟེན། གསེར་ཕུར། སྣང་ལྡན་ཤིང་རྟ།
|
བརྟན་པ་ (3)
| Part of speech
|
མིང་ཚིག
|
| Definition
|
ཁྱབ་འཇུག་སྟེ། འདིའི་གོ་འཕང་རྟག་པས་ཉམས་པ་དང་འགྱུར་བ་མེད་པས་ནའོ། །
|
| Type
|
མངོན་བརྗོད།
|
བརྟན་པ་ (4)
| Part of speech
|
མིང་ཚིག
|
| Definition
|
མཁས་པ་སྟེ། ཤེས་རབ་ལྡན་པ་ངན་རྟོག་རླུང་གིས་མི་གཡོ་བའི་ཕྱིར། སྤོབས་པ་ཅན་ཡང་ངོ་། །
|
བརྟན་པ་ (5)
| Part of speech
|
མིང་ཚིག
|
| Definition
|
ས་གཞིའམ་སྣོད་ཀྱི་འཇིག་རྟེན་ཏེ། བརྟན་ཆགས་པར་གནས་པའི་ཕྱིར་ཏེ། མི་གཡོ་བ་ཡང་ཟེར།
|
བརྟན་པ་ (6)
| Part of speech
|
མིང་ཚིག
|
| Definition
|
ལྷ་དབང་ཕྱུག་ཆེན་པོ་སྟེ། གང་ནས་གཡོ་བའམ་མི་གཡོ་བའི་བརྟན་པའི་བདག་ཉིད་ཡིན་པས་སོ། །
|
བརྟན་པ་ (7)
| Part of speech
|
མིང་ཚིག
|
| Definition
|
གཡའ་ཤིང་སྟེ། སྲ་བའི་ངང་ཚུལ་དང་ལྡན་པའི་ཕྱིར། ཤིང་འདིའི་འབྲས་བུ་ལ་དབུ་བ་ཅན་དང་། རང་དཔལ་སྐྱེས་ཟེར།
|
བརྟན་པ་ (8)
| Part of speech
|
མིང་ཚིག
|
| Definition
|
གུར་ཀུམ་སྤྱིའི་མིང་། ནུས་པས་ལུས་ཟུངས་བསྐྱེད་ནས་སྲོག་བརྟན་པར་བྱེད་པའི་ཕྱིར།
|