42668
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། དཔལ་དུས་ཀྱི་འཁོར་ལོའི་ཐུན་མིན་སྔོན་འགྲོ་དབེན་གསུམ་གྱི་སྐབས་ཀྱི་སེམས་ཉམས་ལ་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པའི་ཉམས་ཏེ་ལྔ་ཡོད་པ་ལས་བཞི་པ་བརྟན་པའི་ཉམས་ཏེ། ཇོ་ནང་ཏཱ་ར་ནཱ་ཐའི་རྣལ་འབྱོར་ཡན་ལག་དྲུག་པའི་རྟགས་ཚད་ལས། ད་དུང་ཡུན་བསྲིངས་ཏེ་བསྒོམས་པས་རྣམ་རྟོག་(ཅིག་སྐྱེ་བ་)ཆིག་སྐྱེར་བ་དང། གཉིས་བསྟུད་གསུམ་བསྟུད་ཐོལ་ཐོལ་བ་འབྱུང། ཕལ་ཆེར་རྩེ་གཅིག་ཏུ་འཇམ་ཉལ་ལེ་གསལ་སེང་ངེ་གནས། ལུས་ཉམས་ཕལ་ཆེར་བདེ་ཆམ་པ་འབྱུང། རླུང་ཡང་ཕལ་ཆེར་འཇམ་ཞིང་བདེ། རེས་འགའ་སྣ་སྒོའི་རླུང་གི་རེག་བྱ་དང་སྒྲ་ཤིན་ཏུ་གསལ་བས་སེམས་གནས་སུ་མི་སྟེར་བར་སུན་པ་སྙམ་བྱེད། རེས་འགའ་རྣམ་རྟོག་འགྱུ་འགྱུ་འདྲ་ཡང་ངོས་བཟུང་མེད་པར་ལྷན་ནེ་གནས། རེས་འགའ་སེམས་བཏང་ཡང་མི་འགྲོ་སྟེ། དེ་ནི་བརྟན་པའི་ཉམས་ཞེས་བྱ་བ་ཡིན། དཔེ་མཚོ་ཆུང་སེར་བུས་བསྐྱོད་པ་ལྟ་བུའོ། །ཞེས་འབྱུང་ངོ་། ། |
| Domain | ཆོས་ལུགས། |