42673

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྟན་པའི་རྩེ་སྦྱོར་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། བྱང་སེམས་སྦྱོར་ལམ་རྩེ་མོ་བསྒོམས་སྟོབས་ཀྱིས་ཐབས་ཤེས་ཀྱི་རྟོགས་པ་རྣམས་ངེས་པར་བརྟན་པར་གྱུར་པའི་བྱང་སེམས་སྦྱོར་ལམ་བཟོད་པ་བའི་རྒྱུད་ཀྱི་རྩེ་མོའི་སྦྱོར་བ་ཞིག་འཇོག་པ་ཡིན། དེ་ཡང་པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། ངེས་པར་བརྟན་པའི་རྩེ་སྦྱོར་ཡིན་ཏེ། དེ་ལྟར་གཞན་དོན་སྒྲུབ་པའི་ཡང་དག་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་མཉམ་གཞག་རྣམ་པར་མི་རྟོག་པ་རྟོགས་པའི་གནས་སྐབས་ན་སྙིང་རྗེ་ཆེན་པོ་མངོན་དུ་བྱེད་པའི་ངོ་བོས་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བའི་མཚན་ཉིད་ཐབས་བརྟན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་སྔར་ཇི་སྐད་བཤད་པའི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་མཚོན་བྱེད་ཀྱི་ཆོས་སེམས་བསྐྱེད་ལ་སོགས་པ་གོང་དུ་སྨོས་པ་སུམ་ཅུ་པོ་རྣམས་ཀྱི་རྟོགས་རིགས་ཡོངས་སུ་རྫོགས་པ་བླ་ན་མེད་པའི་ཤེས་རབ་བརྟན་པ་ཐོབ་པའི་ངེས་འབྱེད་ཆ་མཐུན་གསུམ་པ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།