From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བརྟུལ་ (1)
| Part of speech
|
བྱ་ཚིག
|
| Definition
|
རྟུལ་གྱི་མ་འོངས་པ་དང་འདས་པ།
|
| Transitive
|
བྱ་བྱེད་ཐ་དད་པ།
|
| Future
|
[བརྟུལ།]
|
| Present
|
[རྟུལ།]
|
| Past
|
[བརྟུལ།]
|
| Imperative
|
[རྟུལ།]
|
བརྟུལ་ (1)
| Part of speech
|
མིང་ཚིག
|
| Definition
|
བརྡ་རྙིང་། བསྡུས་པའི་དོན་ཏེ། དཔེ་ཆོས་རིན་ཆེན་སྤུངས་པའི་བརྡ་དཀྲོལ་ལས། བརྟུལ་ནི་བསྡུས་ཞེས་པའི་བརྡ་རྙིང་ངོ༌། །ཞེས་གསུངས།
|
| Example
|
འདུལ་བ་ལུང་རྣམ་འབྱེད་ལས། གདིང་བ་རྙིང་བ་དེ་དག་བརྟུལ་ཅིང་སྤྲུགས་ནས་བཏིང་ཞིང་བསྐམས་ཏེ་རྩིག་པ་ལ་མི་རེག་པར་མཛད། ཅེས་གསུངས་པ་ལྟ་བུ།
|
བརྟུལ་ (2)
| Part of speech
|
མིང་ཚིག
|
| Definition
|
འཇམ་པའི་དོན་ལ་འཇུག་སྟེ། དག་ཡིག་ཤེས་བྱ་རབ་གསལ་ལས། བརྟུལ་ནི་འཇམ་པ་ལ་ཡང་བརྗོད། ཅེས་གསུངས།
|
| Example
|
འདུལ་བ་ལུང་རྣམ་འབྱེད་ལས། གནས་མལ་དག་བརྟུལ་ཅིང་ཁ་ཟས་དག་བཅུད་དོ། །ཞེས་གསུངས་པ་ལྟ་བུ།
|
བརྟུལ་ (3)
| Part of speech
|
མིང་ཚིག
|
| Definition
|
འབད་པ་ལ་འཇུག་སྟེ། བརྡ་གསར་རྙིང་གི་ཁྱད་པར་བསྟན་པ་གསར་བུའི་བློ་གྲོས་སྐྱེད་བྱེད་ལས། རྩོལ་དང་བརྟུལ་ནི་འབད་པའི་དོན། ཞེས་གསུངས།
|
| Example
|
འདུལ་བ་གཞི་གླེགས་བམ་དང་པོ་ལས། ཟས་ཀྱི་བྱ་བ་བྱས་ནས། གནས་མལ་རྣམས་སྐྱབས་ཡོད་པར་བརྟུལ་བར་བྱའོ། །ཞེས་གསུངས་པ་ལྟ་བུ །
|
བརྟུལ་ (1)
| Part of speech
|
རྒྱན་ཚིག
|
| Definition
|
སྙིང་སྟོབས་ཆེ་བའི་དོན་ལ་འཇུག་པར་བཤད།
|