42711
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་གཞན་དོན་ཐབས་ཀྱི་སྤྱོད་པ་གསུམ་ལས་ཐབས་འཛུད་བསྲེ་བའི་སྤྱོད་པར་གཏོགས་པའི་ཕྱི་ཚུལ་མུ་སྟེགས་ལོག་སྲེད་ཅན་གྱི་གདུལ་བྱ་དང་མཐུན་པར་སྤྱད་ནས། དོན་ལ་རིམ་པས་གྲོལ་ཐབས་སྟོན་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་ཉེར་གསུམ་པོ་སྟེ། ༡ ཝ་ཡི་བརྟུལ་ཞུགས་དང། ༢ ཅང་ཤེས་བརྟུལ་ཞུགས་དང། ༣ གྱི་ལིང་བརྟུལ་ཞུགས་དང། ༤ གླང་ཆེན་མྱོས་པའི་བརྟུལ་ཞུགས་དང། ༥ སྟག་མཆོག་རྔམ་པའི་བརྟུལ་ཞུགས་དང། ༦ ཁྱུང་ཆེན་མཁའ་ལྡིང་བརྟུལ་ཞུགས་དང། ༧ གཏུམ་ཐུང་དོམ་གྱི་བརྟུལ་ཞུགས་དང། ༨ རྒྱ་མཚོ་གཏེར་གྱི་བརྟུལ་ཞུགས་དང། ༩ ལྐུག་པ་ལུག་གི་བརྟུལ་ཞུགས་དང། ༡༠ རི་བོ་ལྟ་བུའི་བརྟུལ་ཞུགས་དང། ༡༡ ནམ་མཁའ་ལྟ་བུའི་བརྟུལ་ཞུགས་དང། ༡༢ གནམ་ལྕགས་ལྕེ་ཡི་བརྟུལ་ཞུགས་དང། ༡༣ ལག་ན་རྡོ་རྗེའི་བརྟུལ་ཞུགས་དང། ༡༤ ཁྭ་རོག་བརྟུལ་ཞུགས་དང། ༡༥ གླང་ཆེན་ཆུར་འཇུག་བརྟུལ་ཞུགས་དང། ༡༦ རི་དྭགས་སེངྒེའི་བརྟུལ་ཞུགས་དང། ༡༧ རེག་འཇམ་བྱ་ཡི་བརྟུལ་ཞུགས་དང། ༡༨ སྒྱུ་མའི་ཕྱག་རྒྱའི་བརྟུལ་ཞུགས་དང། ༡༩ ཕག་གི་བརྟུལ་ཞུགས་དང། ༢༠ ཅེ་སྤྱང་ཁྲ་ཡི་བརྟུལ་ཞུགས་དང། ༢༡ བར་སྣང་གློག་གི་བརྟུལ་ཞུགས་སམ་ང་རྒྱལ་སྟག་མཆོག་བརྟུལ་ཞུགས་དང། ༢༢ མཁའ་ལྡིང་ལྟ་བུའི་བརྟུལ་ཞུགས་དང། ༢༣ རྒྱལ་པོ་འཁོར་སྐྱོང་བརྟུལ་ཞུགས་བཅས་ཉེར་གསུམ་དུ་འདྲེན་པ་ནི་རྔམ་གློག་དང་། ཀཿདམ་པ་བདེ་གཤེགས་ཀྱིས་བཞེད། མདོ་འགྲེལ་མུན་པའི་གོ་ཆར་གོང་གི་ཅང་ཤེས་བརྟུལ་ཞུགས་དང་གྱི་ལིང་བརྟུལ་ཞུགས་གཉིས་གཅིག་ཏུ་བརྩིས་ཏེ་རྩ་རྒྱུད་ཀུན་འདུས་རིག་པར་གསུངས་པའི་ཉི་མའི་བརྟུལ་ཞུགས་བསྣན་པས་ཉེར་གསུམ་དུ་གྲངས་ངེས་པར་མཛད། |
| Domain | ཆོས་ལུགས། |