42725

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྟེན་ཐབས་མ་ཤེས་པའི་སྐྱོན་བརྒྱད་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། བརྟེན་ཐབས་མ་ཤེས་པའི་སྐྱོན་བརྒྱད་ནི། ལྷ་མ་སྲིན་སྡེ་བརྒྱད་པོ་དེ་དག་ཚུལ་བཞིན་བརྟེན་ཐབས་མ་འགྲིགས་ན་འབྱུང་བའི་གནོད་སྐྱོན་ཏེ། གསང་སྔགས་བཀའི་ཐ་རམ་དུ། བརྟེན་ཐབས་མ་ཤེས་པའི་སྐྱོན་བརྒྱད་ལ༔ གིང་རྒྱལ་པོ་ལྟར་བརྟེན་མ་ཤེས་ན་འཁོར་བ་ལ་ཆགས་ཤིང་རང་དབལ་སོ་དམའ༔ བདུད་ཕ་ལྟར་བརྟེན་མ་ཤེས་ན་ནོར་ལ་གཟན་ཞིང་རང་ཉིད་ལྡོག་སྟེ་འགྲོ༔ བཙན་གྲོགས་ལྟར་བརྟེན་མ་ཤེས་ན་གློ་བུར་ནད་མང་ཐ་མ་གྲི་རུ་འཆི༔ གནོད་སྦྱིན་ལྷ་ལྟར་བརྟེན་མ་ཤེས་ན་བསྒོ་བ་དཀའ་ཞིང་བཀྲ་མི་ཤིས༔ སྲིན་པོ་ཁོལ་པོ་ལྟར་བརྟེན་མ་ཤེས་ན་བསྒོ་བ་མི་ཉན་རྩབ་རྩུབ་མང་༔ གཟའ་རྒོད་རྗེ་ལྟར་བརྟེན་མ་ཤེས་ན་ཀོ་ལོང་ཆེ་ཞིང་ནོར་ལ་གཟན༔ ཀླུ་བྲན་ལྟར་བརྟེན་མ་ཤེས་ན་བཀྲ་མི་ཤིས་བུ་སྦལ་ལྕོང་འདྲ་༼བ་འབྱུང་༽༔ མ་མོ་མ་ལྟར་བརྟེན་མ་ཤེས་ན་ལས་ལ་གཡེལ་ཞིང་ཟས་སྐོམ་གོས་ནོར་མི་བསྟུབ་པའོ༔ ཞེས་གསུངས།
Domain ཆོས་ལུགས།

{{#arraymap:བརྟེན་ཐབས་མ་ཤེས་པའི་སྐྱོན་བརྒྱད་

|; |@@@ | | }}