42732

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྟེན་པ་ལྷའི་དཀྱིལ་འཁོར་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། དཀྱིལ་འཁོར་གསུམ་གྱི་ཡ་གྱལ་ཏེ། ཕྱོགས་བཅུའི་མུན་སེལ་ལས། གསུམ་པ་དཀྱིལ་འཁོར་གསུམ་གྱི་དབྱེ་བ་བསྟན་པ་ལ་གསུམ་སྟེ། རྟེན་གཞལ་ཡས་ཁང་གི་དཀྱིལ་འཁོར། བརྟེན་པ་ལྷའི་དཀྱིལ་འཁོར། གཉིས་མེད་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་རོ། །དང་པོ། དབུས་ཀྱི་ལྟེ་བ་ལ་ཕྱོགས་ཀྱི་བཀོད་པའི་འཁོར་གྱིས་བསྐོར་བ་ནི་དཀྱིལ་འཁོར་ཏེ་གནས་ཕུན་སུམ་ཚོགས་པའོ། །གཉིས་པ་ནི། དབུས་ཀྱི་གཙོ་བོ་ལ་འཁོར་གྱི་ཚོགས་ཀྱིས་བསྐོར་བ་ནི་ལྷའི་དཀྱིལ་འཁོར་ཏེ་སྟོན་པ་ཕུན་སུམ་ཚོགས་པའོ། །གསུམ་པ་ནི། རང་བྱུང་གི་ཡེ་ཤེས་ལ་དྲན་རིག་གི་ཤེས་པས་བསྐོར་བ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཏེ། ཞེས་དང་། འོད་གསལ་སྙིང་པོ་ལས། བརྟེན་པ་ལྷའི་དཀྱིལ་འཁོར་ནི་གཙོ་བོ་ལ་འཁོར་གྱི་ལྷ་ཚོགས་ཀྱིས་བསྐོར་བ་སྟེ་སྟོན་པ་ཕུན་སུམ་ཚོགས་པའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:བརྟེན་པ་ལྷའི་དཀྱིལ་འཁོར་

|; |@@@ | | }}