42737

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྟེན་པའི་ཡོན་ཏན་བརྒྱད་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། བརྟེན་པའི་ཡོན་ཏན་བརྒྱད་ནི། འཇིག་རྟེན་མཆོད་བསྟོད་ཀྱི་སྐབས་སུ་ལྷ་མ་སྲིན་སྡེ་བརྒྱད་བརྟེན་ཐབས་བརྒྱད་དང་མཐུན་པར་བརྟེན་ན། དེ་དག་ལས་འབྱུང་བའི་ཡོན་ཏན་བརྒྱད་དེ། གསང་སྔགས་བཀའི་ཐ་རམ་ལས། བརྟེན་པའི་ཡོན་ཏན་བརྒྱད་ནི༔ གིང་རྒྱལ་པོ་ལྟར་བརྟེན་པས་ཆེ་བཙན་དབང་གི་དངོས་གྲུབ་འབྱུང་༔ བདུད་ཕ་ལྟར་བརྟེན་པས་ནོར་ཕྱུགས་འཕེལ་བའི་དངོས་གྲུབ་འབྱུང་༔ བཙན་གྲོགས་ལྟར་བརྟེན་པས་སྙིང་ཆགས་གླ་བའི་དངོས་གྲུབ་འབྱུང་༔ གནོད་སྦྱིན་ལྷ་ལྟར་བརྟེན་པས་རྒྱུད་འཇམ་མགོན་སྐྱབས་ཆེ་བའི་དངོས་གྲུབ་འབྱུང་༔ སྲིན་པོ་ཁོལ་པོ་ལྟར་བརྟེན་པས་བཀའ་ཉན་ལས་སྒྲུབ་པའི་དངོས་གྲུབ་འབྱུང་༔ གཟའ་རྒོད་རྗེ་ལྟར་བརྟེན་པས་དྲག་རྩལ་དབལ་སོ་རྣོ་བའི་དངོས་གྲུབ་འབྱུང་༔ ཀླུ་ཐམས་ཅད་བྲན་ལྟར་བརྟེན་པས་འཁུ་ལྡོག་ཆུང་ཞིང་ལས་མྱུར་བའི་དངོས་གྲུབ་འབྱུང་༔ མ་མོ་ཐམས་ཅད་མ་ལྟར་བརྟེན་པས་སྙིང་ཉེ་དམ་ལ་འདུ་ཞིང་ཟས་སྐོམ་འདུ་བའི་དངོས་གྲུབ་འབྱུང་ངོ་༔ ཞེས་གསུངས།
Domain ཆོས་ལུགས།