42765

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྡ་དོན་གསལ་བའི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། བརྡ་དོན་གསལ་བའི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་དྲུག་ཅུ་པ་ཡིན། བརྗོད་བྱ་ནི། སྐྱབས་སེམས་དང་དངོས་གཞི་སྒོམ་པ་ལ་རྒྱས་འབྲིང་བསྡུས་གསུམ་ལས་རྒྱས་པ་ལ་སྔོན་འགྲོའི་དམིགས་པ་གསུམ། ལྟ་བའི་ཐག་བཅད་པ་ལ་སུམ་ཅུ་རྩ་བདུན་ནམ་བུམ་དབང་ལ་བདུན། རླུང་གི་སྦྱོར་བ་བདུན། གཏུམ་མོ་ལ་བཅོ་བརྒྱད། ཞི་བདེ་མཉམ་སྦྱོར་ལ་བརྒྱད། རྡོ་རྗེའི་རྦ་རླབས་ལ་དགུ་སྟེ། བརྒྱད་ཅུ་རྩ་དགུའི་དམིགས་རིམ་རྣམས་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། རྡོ་རྗེ་འཆང་དང་བི་རཱུ་ས་སྐྱ་པ། གྲགས་པ་ས་པཎ་ལུང་ཕུ་གཞོན་ནུ་གྲུབ། བྱང་ཆུབ་ཤེས་རབ་བསོད་ནམས་རྒྱལ་མཚན་རྗེ། དཔལ་ལྡན་ཚུལ་ཁྲིམས་བུདྡྷ་ཤྲཱིའི་ཞབས། ངོར་ཆེན་དཔལ་རྡོར་ཀུན་དགའ་མཆོག་གྲུབ་པ། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། ཞེས་པ་ནས། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། ཞེས་པའི་བར་ནི་སྤྱན་རས་གཟིགས་ཀྱི་ཁྲིད་ལྟར་རོ། །ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། ཆོས་རྗེ་ས་སྐྱ་པཎྜི་ཏའི་ཁྲིད་ཡིག་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:བརྡ་དོན་གསལ་བའི་ཁྲིད་

|; |@@@ | | }}