From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཁྱེའུ་སུས་ (1)
| Part of speech
|
མིང་ཚིག
|
| Definition
|
འདི་གང་ཟག་ལ་ལྟོས་ནས་བཤད་པ་ཞིག་དང་། དུས་ལ་ལྟོས་ནས་བཤད་པ་ཞིག་གཉིས་མཆིས་པ་ལས། དང་པོ་དུས་ལ་ལྟོས་ནས་བཤད་པ་ནི། སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པའི་རང་འགྲེལ་ལས། དེ་ལ་ནང་པར་ཁྱེའུ་སུས་སུ་ཁ་ཟས་མ་ཟོས་པར་སྨན་ཟ་བ་ནི་ཕོ་བའི་དྲོད་ཆེ་ལ་བེ་སྣབས་ཀྱང་མེད་དེ་ཕོ་བའི་རྩ་སྒོ་རྣམས་ཀྱང་མ་འགགས་ལ་ནད་པ་ཉམས་དང་ལྡན། བད་ཀན་ཤས་ཆེ་བའི་མི་དེ་ལྟ་བུ་ལ་སྨན་ཁྱེའུ་མི་དེ་ལྟ་བུ་ལ་སྨན་ཁྱེའུ་སུས་སུ་བཏང་ན་སྨན་གྱི་མཐུ་རབ་ཏུ་ཆེ་བར་འགྱུར་རོ། ཞེས་གསུངས་པ་དང་། གཉིས་པ་གང་ཟག་ལ་ལྟོས་ནས་བཤད་པར་ནི། འདུལ་བ་ལུང་རྣམ་འབྱེད་ལས། ཟས་ཀྱི་དགའ་བ་མྱོང་བའི་ཆེད་དུ་ཁྱེའུ་གསོ་བ་ལྟར་ཟས་ཉུང་ངུ་ཡང་ཡང་ཟ་བ་ལ་ཁྱེའུ་སུས་ཞེས་ཟེར། ཞེས་གསུངས་པ་ལྟར་ལས་མན་ངག་རྒྱུད་ཀྱི་བུད་མེད་བཙལ་བའི་ལེའུའི་ནང་གི་ཁྱེའུ་སུས་ཞེས་པ་ནི་དུས་ལ་ལྟོས་ནས་བཤད་པ་དང་། མོ་ནད་ལེའུའི་ནང་གི་ཁྱེའུ་སུས་ཞེས་པ་ནི་གང་ཟག་ལ་ལྟོས་ནས་བཤད་པ་ཡིན་པས་སྐབས་ཐོབ་ཏུ་གོ་བར་བྱའོ། །
|
| Domain
|
གསོ་རིག
|
ཁྱེའུ་སུས་ (2)
| Part of speech
|
མིང་ཚིག
|
| Definition
|
ཐོ་རེངས་སམ་ནངས་པར་སྐྱ་རེངས་འཆར་བའི་དུས་ཀྱི་དོན་ཏེ།
|
| Example
|
ཞོགས་པ་ཁྱེའུ་སུས་ལ་ཡར་ལངས་ནས་ཕྱག་སྐོར་ལ་འབད་ལྟ་བུ།
|
ཁྱེའུ་སུས་ (3)
| Part of speech
|
མིང་ཚིག
|
| Definition
|
ཟས་ཚོད་ལས་ལྷག་པར་ཟ་བའམ་ཡང་ཡང་ཟ་བའི་དོན།
|
ཁྱེའུ་སུས་ (4)
| Part of speech
|
མིང་ཚིག
|
| Definition
|
རྒྱུན་ཟས་ཀྱི་ཟུར་དུ་བཟོས་པའི་དུས་ངེས་མེད་དུ་བཟའ་རྒྱུའི་ཟས་རིགས་ཆུང་ངུ་རྣམས།
|