42793

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྡ་སྤྲོད་དག་པའི་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition བོན། སྔགས། སྤྱོད་རྒྱུད། ཕྱག་རྒྱ་ཞིག་གི་མིང་སྟེ། མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་གའི་སྤྱན་འདྲེན་ལ་ཕྱག་རྒྱ་དང་། སྙིང་པོ། རྫས། ཚིག་བཤད། ཏིང་འཛིན་དང་ལྔའི་སྒོ་ནས་བསྟན་ལ། ཕྱག་རྒྱ་བཅའ་ལུགས་ནི། མདོ་གཟེར་མིག་ལས། གཡས་གཡོན་གཉིས་ཀ་ནམ་མཁའ་ལ་རེས་མོས་འདེགས་ཀྱིན། གར་ཐབས་སུ་སྔུན་ཀ་ལོག་ཏུ་བཏེག་གོ ། ཞེས་སོ། །དེའི་མཚོན་དོན་ནི། གཡུང་དྲུང་ཀློང་རྒྱས་ཀྱི་འགྲེལ་བ་ནམ་མཁའི་ནོར་བུ་ལས། བརྡ་སྤྲོད་དག་པ་ནི་མྱུར་དུ་སྤྱོན་ཅིག་པའི་བརྡའོ། །ལག་པ་གཉིས་ཀ་རེས་མོས་བཏེག་ཅིང་ནི་ཕྱག་གི་བརྡ་སྤྱོན་ཅིག དགའ་སྤྲོ་ཡི་གར་སྟབས་བསུ་བའི་བརྡའོ། །ཞེས་སོ། །
Domain ཆོས་ལུགས།

{{#arraymap:བརྡ་སྤྲོད་དག་པའི་ཕྱག་རྒྱ་

|; |@@@ | | }}