42836

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྡར་བཏགས་པའི་མངོན་པ།་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བརྡར་བཏགས་པའི་ཆོས་མངོན་པ་བཤད་དུ་ཡོད་དེ། དོན་དམ་པའི་ཆོས་མངོན་པ་ཐོབ་བྱེད་ཀྱི་ཐབས་སུ་གྱུར་བའི་ཐོས་བསམ་སྒོམ་གསུམ་གྱི་ཟག་བཅས་ཀྱི་ཤེས་རབ་རྣམས་དང་། དེ་བརྗོད་བྱར་བྱེད་པའི་བསྟན་བཅོས་རྣམས་དེ་ཡིན་པའི་ཕྱིར་ཏེ། རང་འགྲེལ་ལས། བརྡར་བཏགས་པ་ནི། དེ་ཐོབ་བྱ་ཕྱིར་གང་དང་བསྟན་བཅོས་གང་། །ཞེས་བྱ་བ་སྟེ། གང་དང་ཞེས་པ་ནི་ཐོས་པ་དང་བསམས་པ་དང་སྒོམ་པ་ལ་བྱུང་བའི་ཤེས་རབ་གང་ཟག་པ་དང་བཅས་པ་དང་། སྐྱེས་ནས་ཐོབ་པ་རྗེས་སུ་འབྱུང་བ་དང་བཅས་པའོ། །བསྟན་བཅོས་གང་ཞེས་བྱ་བ་ནི་དེ་ཡང་ཟག་པ་མེད་པའི་ཤེས་རབ་ཐོབ་པར་བྱ་བའི་ཕྱིར་དེའི་ཚོགས་སུ་གྱུར་པས་ཆོས་མངོན་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། བསྟན་བཅོས་འདི་ལ་མཛོད་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། བསྟན་བཅོས་འདིའི་བརྗོད་བྱར་མངོན་པ་སྡེ་བདུན་བྱེ་བྲག་བཤད་མཛོད་དང་བཅས་པ་རྣམས་ཀྱི་བརྗོད་བྱའི་དོན་གཅེས་གཅེས་རྣམས་ཕལ་ཆེར་ཆུད་པས་ན་ཆོས་མངོན་པའི་མཛོད་ཅེས་བརྗོད་པའི་ཕྱིར། དཔེར་ན་ནོར་གཅེས་པ་རྣམས་གང་དུ་ཆུད་པའི་གནས་ལ་ནོར་གྱི་མཛོད་ཅེས་བརྗོད་པ་བཞིན་ནོ། །ཡང་ན་འདིའི་འབྱུང་ས་མངོན་པ་སྡེ་བདུན་བྱེ་བྲག་བཤད་མཛོད་དང་བཅས་པ་དེ་དག་ཡིན་པས་འདི་ལ་ཆོས་མངོན་པའི་མཛོད་ཅེས་བྱ་སྟེ། མཛོད་ནས་བྱུང་བའི་ནོར་ལ་ཡང་མཛོད་དུ་བཤད་པ་ལྟར་ཡིན་པའི་ཕྱིར།
Domain ཆོས་ལུགས།

{{#arraymap:བརྡར་བཏགས་པའི་མངོན་པ།་

|; |@@@ | | }}