42857

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྡེག་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས་ཤིག་སྟེ། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་དགེ་སློང་ལ་བརྡེགས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་ལུས་སྲོག་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རྙོག་པ་ཅན་གྱི་སེམས་ཀྱིས་བརྡེག་པར་འདོད་པས་དགེ་སློང་གཞན་ལ་བརྡེགས་ཏེ་ཕོག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །རྙོག་པ་ཅན་གྱི་སེམས་ཉིད་ཀྱིས་དགེ་སློང་ཕ་རོལ་ལ་ལུས་སམ། དེས་འཕངས་པའམ། དེ་དང་འགྲེལ་བ་དག་གང་ཡང་རུང་བ་མཐའ་ན་རྐང་པའི་མཐེ་བོང་ངམ་ཡུངས་ཀར་རམ་རྩ་དག་གིས་བརྡེག་ནའོ། །ཞེས་པས་བསྟན། ངོ་བོ་ནི། དགེ་སློང་གིས་ཡུལ་དགེ་སློང་གཞན་ལ་གནོད་པའི་བསམ་པས་ལུས་སམ་ལག་པའམ། དབྱུག་པ་ལ་སོགས་པས་བརྡེག་པའི་དང། དེ་དག་གིས་བརྡེག་པར་རྩོམ་པའི་བཅས་པའི་ཁ་ན་མ་ཐོ་བའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:བརྡེག་པའི་ལྟུང་བྱེད་

|; |@@@ | | }}