42894
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བརྣབ་སེམས་ནི་མཐུའམ་འཇབ་བུའང་རུང་ལོག་པ་མི་རིགས་པས་གཞན་གྱི་ནོར་བདག་གིར་གྱུར་ན་ཅི་མ་རུང་སྙམ་ནས་ཆགས་ཤིང་བདག་གིར་བྱེད་འདོད་པའོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། ། བརྣབ་སེམས་ནི་ཕ་རོལ་པོའི་དེ་བདག་གི་ཡིན་པར་གྱུར་ན་ཅི་མ་རུང་སྙམ་ནས་མཐུའམ་འཇབ་བུའམ་གཞན་གྱིས་ཀྱང་རུང་སྟེ་ལོག་པ་མི་རིགས་པས་བདག་གིར་བྱེད་འདོད་པས་གཞན་གྱི་ནོར་ལ་ཆགས་པའོ། །ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། |
| Domain | ཆོས་ལུགས། |