42897
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས་བྱུང་བ་སྟེ། དབང་པོ་མ་ཚང་བ་མེད་པས་ལུས་དང་། ངག་དང་། སེམས་ཀྱི་བདག་པོ་ཐོབ་པ། དགྲ་ཐམས་ཅད་ཀྱི་མི་རྫི་བས་ལོངས་སྤྱོད་པ་དང་། དབང་ཕྱུག་རྒྱ་ཆེན་པོའི་བདག་པོ་ཐོབ་པ། བསོད་ནམས་ལ་དབང་བྱེད་པས་དེའི་སེམས་ཉེ་བར་སྤྱད་པ་དང་། ལོངས་སྤྱོད་རྒྱ་ཆེན་པོ་རྣམས་ལ་འཇུག་པ། ཕྱིས་བཀྲབས་པ་ཐོབ་པས་རྒྱལ་པོ་བདག་པོས་མཆོད་པ། སྔོན་ཕྲག་དོག་མེད་པས་ལོངས་སྤྱོད་ཇི་ལྟར་སྨོན་པ་རྣམས་འབུམ་འགྱུར་དུ་ཁྱད་པར་དུ་འགྱུར་བ་དང་ལྔའོ། །དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། དེས་དེ་འཇིག་རྟེན་གྱིས་མཆོད་པའི་དེ་བཞིན་གཤེགས་པ་སྟོན་པ་གཅིག་པུར་འགྱུར་རོ། ། |
Domain | ཆོས་ལུགས། |
{{#arraymap:བརྣབ་སེམས་སྤངས་པའི་སྐྱེས་བུས་བདག་པོའི་ཆོས་ཐོབ་པ་ལྔ་
|; |@@@ | | }}