From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བརྩོན་འགྲུས་ཀྱི་ཕར་ཕྱིན་ (1)
| Part of speech
|
མིང་ཚིག
|
| Definition
|
ཁྱད་ཆོས་བཞི་ལྡན་གྱི་སྤྲོ་བའི་སེམས་པ་དགེ་བ་ས་བོན་དང་བཅས་ཏེ། ཕྱིན་དྲུག་གི་ཡ་གྱལ་ཞིག
|
| Domain
|
ཆོས་ལུགས།
|
བརྩོན་འགྲུས་ཀྱི་ཕར་ཕྱིན་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ། དབུ་མ། མཚན་ཉིད་ནི། གཞན་གྱི་དོན་དུ་དགེ་བ་ལ་སྤྲོ་བ་སྟེ། སྤྱོད་འཇུག་ལས། བརྩོན་གང་དགེ་ལ་སྤྲོ་བའོ། །ཞེས་སོ། །དེ་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །ཞེས་ཆོས་རྗེ་ས་པཎ་གྱི་ཐུབ་པ་དགོངས་གསལ་ལས་གསུངས་སོ། ། འཁོར་གསུམ་ཡོངས་སུ་དག་པའི་དགེ་བ་ལ་སྤྲོ་བ་དེ་བརྩོན་འགྲུས་ཀྱི་མཚན་ཉིད་དོ། །སྒྲ་དོན་ནི། མཆོག་སྦྱོར་བའི་ཕྱིར་བརྩོན་འགྲུས་སོ། །དབྱེ་ན། གོ་ཆ་དང། སྦྱོར་བ་དང། མི་ལྡོག་པའི་བརྩོན་འགྲུས་སོ། །ཞེས་ཀུན་མཁྱེན་རོང་སྟོན་ཆེན་པོས་རྣམ་བཤད་ཚིག་དོན་རབ་གསལ་ལས་གསུངས་སོ། ། བརྩོན་འགྲུས་ནི་དགེ་བའི་ཆོས་ཡོངས་སུ་འཛིན་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་ཁ་ན་མ་ཐོ་བ་མེད་པ་ཉིད་དོ་ཞེས་རེད་མདའ་བས་དབུ་འཇུག་རྣམ་བཤད་ལས་གསུངས་སོ། ། བརྩོན་འགྲུས་ནི། དགེ་བ་ལ་སྤྲོ་བའི་སེམས་པ་སྟེ། དབྱེ་ན། གོ་ཆ་དང་། སྦྱོར་བ་དང་། ཆོག་པར་མི་འཛིན་པའི་བརྩོན་འགྲུས་གསུམ་མོ་ཞེས་ཀུན་མཁྱེན་གོ་རམས་པས་དབུ་མའི་སྤྱི་དོན་ལས་གསུངས་སོ། །
|