42994
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ། དགེ་བའི་རྩ་བ་ཐམས་ཅད་ལ་རྩོམ་པ་ཡང་ཆོས་ཐམས་ཅད་ཡོངས་སུ་མ་གྲུབ་པར་རབ་ཏུ་ཤེས་པ། སངས་རྒྱས་ཐམས་ཅད་ལ་མཆོད་པ་དང་རིམ་གྲོ་བྱ་བ་མངོན་པར་འདུ་བྱེད་ཀྱང་དེ་བཞིན་གཤེགས་པ་རྣམས་ཆོས་ཀྱི་སྐུ་མཉམ་པ་ཡང་དག་པར་རྗེས་སུ་མཐོང་བ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཀྱང་སེམས་ཅན་རྣམ་པར་དག་པས་སེམས་མི་དམིགས་པ། སངས་རྒྱས་ཐམས་ཅད་ཀྱི་དམ་པའི་ཆོས་ཡོངས་སུ་འཛིན་ཀྱང་འདོད་ཆགས་དང་བྲལ་བར་བྱ་བའི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་བའོ། ། |
| Domain | ཆོས་ལུགས། |