42995

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྩོན་འགྲུས་ཕ་རོལ་ཏུ་ཕྱིན་པའི་སྔོན་དུ་འགྲོ་བའི་ཆོས་བཅུ་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་འཕགས་པ་བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས་བྱུང་བ་སྟེ། སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་སྙམ་པ་སྔོན་དུ་འགྲོ་བ། དགེ་བའི་ལུས་དང་ངག་དང་ཡིད་མངོན་པར་སྒྲུབ་པ་ལ་རྗེས་སུ་ཡི་རང་བ་སྔོན་དུ་འགྲོ་བ། ཞུམ་པ་མེད་པ་སྔོན་དུ་འགྲོ་བ། ཕྱིར་མི་ལྡོག་པའི་ས་བསྡུ་བ་ཐོབ་པར་བྱ་བ་སྔོན་དུ་འགྲོ་བ། ཡང་དག་པའི་རྩོལ་བ་སྔོན་དུ་འགྲོ་བ། དྲན་པ་ཉེ་བར་གཞག་པ་སྔོན་དུ་འགྲོ་བ། ཉོན་མོངས་པའི་དགྲ་གདུལ་བ་སྔོན་དུ་འགྲོ་བ། ཆོས་ཐམས་ཅད་ཀྱིས་དབེན་པ་སྔོན་དུ་འགྲོ་བ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་སྔོན་དུ་འགྲོ་བ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡང་དག་པར་སྒྲུབ་པ་སྔོན་དུ་འགྲོ་བའོ། །
Domain ཆོས་ལུགས།