42998
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། འདི་ལྟར་སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྨིན་པར་བྱའོ་སྙམ་སྟེ་བརྩོན་འགྲུས་རྩོམ་པ། ཆོས་ཐམས་ཅད་བཟུང་བར་བྱའོ་སྙམ་སྟེ་བརྩོན་འགྲུས་རྩོམ་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་སྨིན་པར་བྱའོ་སྙམ་སྟེ་བརྩོན་འགྲུས་རྩོམ་པ། བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་ཤེས་པར་བྱའོ་སྙམ་སྟེ་བརྩོན་འགྲུས་རྩོམ་པ། སེམས་ཅན་ཐམས་ཅད་ཀྱི་ཉེས་བྱས་ཟད་པར་བྱའོ་སྙམ་སྟེ་བརྩོན་འགྲུས་རྩོམ་པ། སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཐམས་ཅད་རྒྱུན་གཅད་དོ་སྙམ་སྟེ་བརྩོན་འགྲུས་རྩོམ་པ། བདུད་ཐམས་ཅད་ལས་རྒྱལ་བར་བྱའོ་སྙམ་སྟེ་བརྩོན་འགྲུས་རྩོམ་པ། སེམས་ཅན་ཐམས་ཅད་འཁྲུག་པ་མེད་པར་བྱའོ་སྙམ་སྟེ་བརྩོན་འགྲུས་རྩོམ་པ། སངས་རྒྱས་ཐམས་ཅད་ལ་མཆོད་པར་བྱའོ་སྙམ་སྟེ་བརྩོན་འགྲུས་རྩོམ་པ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཉེས་པར་བྱའོ་སྙམ་སྟེ་བརྩོན་འགྲུས་རྩོམ་པའོ། ། |
| Domain | ཆོས་ལུགས། |