430

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀམ་ཀམ་སངས་རྒྱས་འོད་ཟེར་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་མེ་ཁྱི་ཕྱི་ལོ་ ༡༣༤༦ ལོར་འཁྲུངས། དགུང་ལོ་བཅུ་གཅིག་པར་མཁན་ཆེན་སེང་གེ་དཔལ་བ་ལས་རབ་ཏུ་བྱུང་། མཚན་ལ་སངས་རྒྱས་འོད་ཟེར་ཞེས་གསོལ། ཆོས་འཁོར་གླིང་པའི་སློབ་དཔོན་བྱམས་པ་དང་། སྤྱ་སྔ་རིན་ཆེན་སངས་རྒྱས་སོགས་བཤེས་གཉེན་མང་པོ་བསྟེན། མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། ཤེས་རབ་ཆེན་པོ་ཐུགས་རྒྱུད་ལ་བརྙེས། བཅོ་བརྒྱད་པ་རབ་བྱུང་དྲུག་པའི་ཆུ་ཡོས་ཕྱི་ལོ ༡༣༦༣ ལོར་ཀམ་ཀམ་གྱི་གདན་སར་ཕེབས། གདན་ས་ལོ་ངོ་དྲུག་རིང་བསྐྱངས། ཉེར་བཞི་པ་རབ་བྱུང་དྲུག་པའི་ས་བྱ་ཕྱི་ལོ ༡༣༦༩ ལོར་སྐུ་གཤེགས། དེ་ནས་ལོ་ངོ་སོ་དགུའི་བར་ཀམ་ཀམ་གྱི་གདན་ས་སྟོངས། ཀམ་ཀམ་གྱི་གདན་རབས་བརྒྱད་པ་ཡིན།

{{#arraymap:ཀམ་ཀམ་སངས་རྒྱས་འོད་ཟེར་

|; |@@@ | | }}