43000

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྩོན་འགྲུས་བརྩམས་པ་རྣམ་པ་ལྔ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བ་སྟེ། གོ་ཆའི་བརྩོན་འགྲུས་ནི། དེ་ཐོག་མ་ཁོ་ནར་ནི་འདུན་པ་དྲག་པོ་དང་ལྡན་ཏེ་མངོན་པར་སྤྲོ་བ་བརྟན་པོར་འགྱུར་རོ། །སྦྱོར་བའི་བརྩོན་འགྲུས་ནི། དེ་བཞིན་དུ་སྦྱོར་བར་ཡང་བྱེད་དོ། །ཞུམ་པ་མེད་པའི་བརྩོན་འགྲུས་ནི། ཆོས་རྒྱ་ཆེན་པོ་རྣམས་ཐོབ་པར་བྱ་བའི་ཕྱིར་བདག་ཉིད་ལ་ཡང་ཁྱད་དུ་མི་གསོད་དེ་ཞུམ་པར་ཡང་མི་འགྱུར་རོ། །མི་བསྐྱོད་པའི་བརྩོན་འགྲུས་ནི། གྲང་བ་ལ་སོགས་པའི་གནོད་པ་རྣམས་ཀྱང་བཟོད་དོ། །ཆོག་མི་ཤེས་པའི་བརྩོན་འགྲུས་ནི། ངན་ངོན་གྱིས་ཀྱང་ཆོག་པར་མི་འཛིན་ཏེ། གོང་མ་བས་ཀྱང་ཆེས་གོང་དུ་གྱ་ནོམ་པ་འདོད་པའི་ཚུལ་གྱིས་གནས་སོ། །
Domain ཆོས་ལུགས།

{{#arraymap:བརྩོན་འགྲུས་བརྩམས་པ་རྣམ་པ་ལྔ་

|; |@@@ | | }}