43003

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྩོན་འགྲུས་བརྩམས་པའི་ཡོན་ཏན་གྱི་ཆོས་བཅུ་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་འཕགས་པ་འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཞེས་བྱ་བའི་མདོ་ལས་བྱུང་བ་བརྩོན་འགྲུས་བརྩམས་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཆོས་བཅུ་སྟེ། དེས་བྱིས་པའི་སྤྱོད་པ་སྤངས་པ། དེས་སངས་རྒྱས་ཀྱི་སྤྱོད་པ་ཡོངས་སུ་བཟུང་བ། དེས་འཁོར་བ་ཉེས་པར་འདུ་ཤེས་བསྐྱེད་པ། དེས་སྙིང་རྗེ་ཆེན་པོ་ཡོངས་སུ་བཟུང་བ། སྔོན་དམ་བཅས་པ་ལས་མི་འགྱུར་བ། ནད་ཉུང་བ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བཀའ་བཞིན་བྱས་པ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཆུང་བ། ཇི་ལྟར་བསྟན་པའི་ཚིག་དང་ཡི་གེ་རྣམས་ཀྱི་དོན་རབ་ཏུ་ཤེས་པ། ནན་ཏན་གྱིས་ཡང་དག་པར་བསྒྲུབ་པའོ། །
Domain ཆོས་ལུགས།

{{#arraymap:བརྩོན་འགྲུས་བརྩམས་པའི་ཡོན་ཏན་གྱི་ཆོས་བཅུ་

|; |@@@ | | }}