43028
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ལས་རྣམ་པར་འབྱེད་པ་ལས་བྱུང་བ་སྟེ། དེ་ཁ་མནམས་པར་འགྱུར་བ། དེའི་ལུས་ལས་ལྷ་རྣམས་མི་འཕངས་པ། མི་མ་ཡིན་པ་རྣམས་ཀྱིས་དེ་ལ་གླགས་རྙེད་པར་འགྱུར་བ། བདེན་པ་སྨྲས་ཀྱང་དེ་ལ་སུ་ཡང་ཡིད་ཆེས་པར་མ་འགྱུར་བ། རྫུན་སྨྲ་བར་འགྱུར་བ། ཡིད་ཆེས་པར་བྱ་བའི་གནས་སྐབས་སུ་མཁས་པ་རྣམས་དེ་ལ་དྲི་བར་བྱ་བར་མི་སེམས་པ། དེའི་བདེན་པ་མ་ཡིན་པའི་བསྔགས་པ་དང་། བརྗོད་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་མ་ཡིན་པ་འབྱུང་བ། གཟུང་བའི་ཚིག་ཏུ་མི་འགྱུར་བ། སྐུར་པ་འདེགས་པར་འགྱུར་བའི་ལས་བྱེད་ཅིང་གསོག་པ། ལུས་དང་བྲལ་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བའོ། ། |
Domain | ཆོས་ལུགས། |
{{#arraymap:བརྫུན་དུ་སྨྲ་བ་ལ་ཉེས་དམིགས་བཅུ་
|; |@@@ | | }}