43029

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྫུན་དུ་སྨྲ་བ་སྤངས་པའི་སྐྱེས་བུས་མིས་བསྔགས་པ་ཐོབ་པའི་ཆོས་བརྒྱད་ (1)
Part of speech མིང་ཚིག
Definition འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས་བྱུང་བ་སྟེ། ཨུཏྤ་ལའི་དྲི་བྱུང་བས་ཁ་དོག་ཡོངས་སུ་དག་པ་ཐོབ་པ། འཇིག་རྟེན་ཐམས་ཅད་ཀྱིས་ཚད་མར་འགྱུར་བ། ལྷ་དང༌། མི་དགའ་བས་དབང་གཅིག་པུར་འགྱུར་བ། ཡང་དག་པའི་བསམ་པ་དང་ལྡན་པས་དོགས་པ་མེད་པར་འགྱུར་བ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་ལུས་དང༌། ངག་དང༌། སེམས་ཡོངས་སུ་དག་པར་འགྱུར་བ། ཚིག་འཁྲུལ་པ་མེད་པས་མཆོག་ཏུ་དགའ་བ་མང་བར་འགྱུར་བ། ཚིག་བཟུང་བར་འོས་པས་ངག་མཉམ་པར་འགྱུར་བ། ཤེས་རབ་ཐོབ་པས་ལྷ་དང༌། མིར་སྐྱེས་ནའང་དབང་གཅིག་པུར་འགྱུར་བའོ། །བརྫུན་དུ་སྨྲ་བ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། དེས་དེ་བདེན་པའི་རྗེས་སུ་འཇུག་པའི་ཚིག་ཏུ་འགྱུར་རོ། །
Domain ཆོས་ལུགས།

{{#arraymap:བརྫུན་དུ་སྨྲ་བ་སྤངས་པའི་སྐྱེས་བུས་མིས་བསྔགས་པ་ཐོབ་པའི་ཆོས་བརྒྱད་

|; |@@@ | | }}