43038

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བརྫུན་སྨྲ་བའི་ཕམ་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ཕམ་པ་བཞིའི་ནང་གསེས་སྟེ། གླེང་གཞི་ནི་ཉ་བའི་གྲོང་དུ་དགེ་སློང་ལྔ་བརྒྱས་མི་ཆོས་བླ་མ་རྫུན་དུ་སྨྲས་ནས། འོད་མ་ཅན་གྱི་གྲོང་དུ་ཕམ་པ་འདི་བཅས་སོ། །དགག་བྱ་ནི་རང་ཆོམ་རྐུན་པའི་གྲངས་སུ་ཆུད་པ་དང་། གཞན་བསླུས་པའི་སྒོ་ནས་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་ལ་མིའི་ཆོས་བླ་མའི་ཡོན་ཏན་མི་ལྡན་པ་ལས་འདུ་ཤེས་བསྒྱུར་ཏེ་རང་ལ་ཡོན་ཏན་དེ་དང་ལྡན་པར་སྨྲས་ཤིང་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞི་རྫོགས་པའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་རྒྱས་པའི་ཉིན་བྱེད་ལས། གཞི་བསམ་སྦྱོར་བ་མཐར་ཐུག་གི་ཡན་ལག་བཞི་ཚང་དགོས་པ་ལས། དང་པོ་གཞི་ལ་གཉིས་ལས། གང་ལ་སྨྲ་བའི་ཡུལ་ནི་རང་ལས་རྒྱུད་གཞན་པའི་མི་ཡིན་པ་སྨྲ་ཤེས་དོན་གོ་བ་བསམ་པ་རང་བཞིན་དུ་གནས་པ། མ་ནིང་དང་མཚན་གཉིས་མ་ཡིན་པ་སྟེ་ཐ་སྙད་ལྔ་དང་ལྡན་པ་ཡིན་ལ། གང་སྨྲ་བའི་དངོས་པོ་ནི་བསམ་གཏན་བཞི་དང་། གཟུགས་མེད་བཞི་དང་། ལྷའི་རྣ་བའི་མངོན་ཤེས་ལ་སོགས་པ་དང་། ཟིལ་གནོན་དང་། ཟད་པར་གྱི་སྐྱེ་མཆེད་སོགས་ཀྱི་ཡོན་ཏན་རྣམས་དང་། རྒྱུན་ཞུགས་ཀྱི་འབྲས་བུ་སོགས་དགེ་སྦྱོར་ཚུལ་གྱི་འབྲས་བུ་བཞི་རྣམས་ནི་མིའི་ཆོས་ལས་བླ་མ་ཡིན་པས་སྨྲ་བྱའི་མི་ཆོས་བླ་མ་ཡིན་ཏེ། རྒོད་འགྱོད་ལ་སོགས་པའི་སྒྲིབ་པ་ལྔ་ནི་མིའི་ཆོས་དང་། དེ་དག་ལས་བླ་མ་གྱུར་པ་སྟེ་སྒྲིབ་པ་ལྔ་སྤང་པས་ཐོབ་པ་བསམ་གཏན་བཞི་ལ་སོགས་པ་རྣམས་ཡིན་ནོ། །གཉིས་པ་བསམ་པ་ལ། འདུ་ཤེས་ནི་བདེན་པའི་འདུ་ཤེས་བསྒྱུར་ཏེ་བརྫུན་པའི་འདུ་ཤེས་ཀྱིས་སོ། །ཀུན་སློང་ནི་སྦྱོར་བ་ནས་མཐར་ཐུག་གི་བར་དུ་སྨྲ་འདོད་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི། ངག་ཡིན་པ། དེ་ཡང་རང་གི་ཡིན་པ། བདག་ཉིད་དང་འབྲེལ་བ། མ་ནོར་བ། གསལ་པོར་སྨྲ་བ། མངོན་སུམ་དུ་སྨྲ་བ་སྟེ། ཁྱད་ཆོས་དྲུག་ལྡན་གྱི་སྒོ་ནས་མི་ཆོས་བླ་མ་ཐོབ་པར་སྨྲས་པའོ། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལ་སོགས་པ་བདག་གིས་མཐོང་། དེ་དག་གིས་ཀྱང་བདག་མཐོང་། གཏམ་འདྲེས་པར་སྨྲ། ཕེབས་པར་སྨྲའོ་སོགས་ནི་མི་ཆོས་བླ་མའི་ངོ་བོ་དངོས་སུ་སྨྲས་པ་ཡིན་ཀྱང་མི་ཆོས་བླ་མ་ཐོབ་པ་ལས་བྱུང་བས་འབྲས་བུ་སྨྲས་པ་ཡིན་པས་མི་ཆོས་བླ་མ་ཐོབ་པར་སྨྲ་པ་ཡིན་ནོ། །མཐར་ཐུག་ནི་རང་ཉིད་ཀྱིས་མི་ཆོས་བླ་མ་མ་ཐོབ་པ་ལ་ཐོབ་པ་འདུ་ཤེས་པའི་མངོན་པའི་ང་རྒྱལ་དང་བྲལ་བས་མི་ཆོས་བླ་མ་ཐོབ་པར་སྨྲས་པས། ཕ་རོལ་པོས་ཚིག་རྣམས་ཐོས་ཤིང་དོན་གོ་བ་ན་ཕམ་པ་གྲུབ་བོ། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:བརྫུན་སྨྲ་བའི་ཕམ་པ་

|; |@@@ | | }}