431

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀམ་ཀྱོ་དགོན་ (1)
Part of speech མིང་ཚིག
Definition ཀམ་ཀྱོ་དགོན་ནི། དེ་ཡང་དགོན་པ་འདི་སོ་མང་རྒྱལ་རབས་ནོར་བུའི་སྐབས་གཏེར་ཆེན་རིག་འཛིན་བདུད་འདུལ་རྡོ་རྗེས་བཏབ་ནས་ད་ལྟའི་བར་ཀཿཐོག་པའི་ཆོས་བརྒྱུད་དང་། ཁྱད་པར་བདུད་འདུལ་ཕུར་པའི་ཕྱག་ལེན་གཏེར་ཆེན་གྱིས་གནང་བ་ལྟར་མ་ཉམས་པ་བསྐྱངས། ཕྱིས་སུ་ཀཿཐོག་དགེ་པཎ་དང་། སི་ཏུ་ཆོས་ཀྱི་རྒྱ་མཚོ་རྣམས་ཀྱིས་སླར་གསོ་རེ་མཛད། རྣལ་འབྱོར་པ་བླ་མ་རིན་པོ་ཆེ་རྡོ་རྗེ་དང་། རིན་ཆེན་རྡོ་རྗེ། བླ་མ་བློ་བཟང་སོགས་མང་པོས་ཀཿཐོག་པ་རྗེ་གོང་མ་རྣམས་ཀྱི་ཕྱག་རྒྱུན་གཙང་མ་བསྐྱང་བ་ནི་ད་ལྟའི་བར་བཞུགས་སོ། །རྒྱལ་པོ་དེ་ཉིད་ཀྱི་སྐབས་སྔ་འགྱུར་རྙིང་མའི་ཀཿཐོག་པའི་ཆོས་བརྒྱུད་དར་བར་བྱས།

{{#arraymap:ཀམ་ཀྱོ་དགོན་

|; |@@@ | | }}