43112

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བལ་ཐོགས་པའི་སྤང་ལྟུང་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་སློང་གིས་བལ་ཁུར་སྟེ་རྒྱང་གྲགས་འདས་པ་ལས་གྱུར་པའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། དགེ་སློང་གིས་སའི་ལམ་ལས་བལ་ཁུར་བ་རྒྱང་གྲགས་འདས་པ་ན་དེར་འགྱུར་བའི་ཕྱིར། དེ་ཡང་བསྙེན་པར་མ་རྫོགས་པའི་ཁུར་གྲོགས་མེད་ན་དཔག་ཚད་གསུམ་ཚུན་ཆད་ལ་ལྟུང་བ་མེད་ཅིང་དེ་འདས་ནས་ནི་རྒྱང་གྲགས་རེ་ལ་སྤང་ལྟུང་རེ་རེ་དང་། ཁུར་གྲོགས་ཡོད་ན་དང་པོ་ནས་རྒྱང་གྲགས་ཀྱི་མཐར་སྤང་ལྟུང་ངེས་པར་འབྱུང་ངོ། །གླེང་གཞི་ནི། མཉན་ཡོད་དུ་དྲུག་སྡེ་ལས་འཆར་ཀ་མ་གཏོགས་པ་རྣམས་ཀྱིས་བལ་ཁུར་ཏེ་འོངས་པ་ལས་སྤང་པའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་མ་དད་པ་སྐྱེ་བ་དང་། དོན་དང་བྱ་བ་མང་བའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:བལ་ཐོགས་པའི་སྤང་ལྟུང་

|; |@@@ | | }}