43152
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། སྤང་ལྟུང་སུམ་ཅུའི་ནང་གསེས་ཤིག་སྟེ། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་དགེ་སློང་མ་ལ་བལ་རྨེལ་དུ་བཅུག་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པས་རྒྱུ་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་བལ་རྨེལ་དུ་འཇུག་གམ་འཁྲུར་འཇུག་གམ་འཚེད་དུ་འཇུག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་གོ་རམས་པའི་འདུལ་བའི་སྤྱི་དོན་ལས་སོ། །དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་བལ་འཁྲུ་བ་དང། སྨེལ་བ་དང། འཚོད་དུ་འཇུག་པའི་བཅས་པའི་ཁ་ན་མ་ཐོ་བ་དེ་ཡིན་ཏེ། ཆོས་གོས་རྙིང་པའི་གནས་སུ་ལུག་གི་བལ་དག་གོ །འཆག་པར་སྨེལ་བའོ། །ཞེས་དང། དགེ་སློང་གང་ཞིག་དགེ་སློང་མ། །ཉེ་དུ་མིན་ལ་བལ་དག་ནི། །སྨེལ་པ་ལ་སོགས་བྱེད་འཇུག་ན། །དེ་ཡང་བསླབ་པས་ཉམས་ལྡན་འགྱུར། །ཞེས་གསུངས་སོ། །འདི་ནི་དྲུག་སྡེས་དགེ་སློང་མ་རྣམས་བལ་འཁྲུ་བ་སོགས་བྱེད་དུ་བཅུག་པ་ལ་བརྟེན་ནས་དགེ་སློང་མ་རྣམས་ཀྱི་ལག་པ་བཙོ་ལག་མཁན་གྱི་ལག་པ་ལྟར་དུ་གྱུར་པ་ལ་བརྟེན་ནས་བཅས་སོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:བལ་རྨེལ་དུ་འཇུག་པའི་སྤང་ལྟུང་
|; |@@@ | | }}