43154

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བལ་རྨེལ་འཇུག་གི་སྤང་ལྟུང་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བྱེ་བྲག་སྨྲ་བ། དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་བལ་རྨེལ་དུ་བཅུག་པ་ལས་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། དགེ་སློང་གིས་དགེ་སློང་མ་ལ་བལ་རྨེལ་དུ་བཅུག་པ་ན་དེར་འགྱུར་བའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་འཆར་ཀས་དགེ་སློང་མ་ལ་བལ་རྨེལ་དུ་བཅུག་པ་ལས་སྤང་པའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:བལ་རྨེལ་འཇུག་གི་སྤང་ལྟུང་

|; |@@@ | | }}