43217
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འཕགས་པ་ཐམས་ཅད་ཡོད་པར་སྨྲ་བའི་རྩ་བའི་དགེ་སློང་མའི་སོ་སོར་ཐར་པའི་མདོའི་འགྲེལ་པ་ལས་བྱུང་བ་སྟེ། ལེ་ལོའི་གཉེན་པོ་བརྩོན་འགྲུས་རྩོམ་པ་རྣམ་པར་དག་པ། ཁ་ན་མ་ཐོ་བ་འབྱུང་བའི་གཉེན་པོ་ཁ་ན་མ་ཐོ་བ་མེད་པ་སྐྱེད་པ་རྣམ་པར་དག་པ། བསླབ་པ་ཁྱད་དུ་གསོད་པའི་གཉེན་པོ་གུས་པ་དང་བཅས་པ་རྣམ་པར་དག་པ། འགྱོད་པའི་གཉེན་པོ་འགྱོད་པ་མེད་པ་རྣམ་པར་དག་པ། རྣམ་པར་དག་པ་མ་དག་པའི་གཉེན་པོ་ཏིང་ངེ་འཛིན་དང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་རྣམ་པར་དག་པའོ། ། |
Domain | ཆོས་ལུགས། |
{{#arraymap:བཤགས་ན་བདེ་བར་འགྱུར་ཞེས་པའི་དོན་རྣམ་པ་ལྔ་
|; |@@@ | | }}