43227
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། ལུང་ཞུ་བ་ལས། དགེ་ཚུལ་གྱི་བསླབ་བྱའི་མི་མཐུན་པའི་ཕྱོགས་ཤིག བླངས་འདས་སོ་དྲུག་ལས་རྩ་བ་བཞི་མ་གཏོགས་ལྷག་མ་རྣམས་ལ་བཤགས་བྱའི་ཉེས་བྱས་ཡིན་ནོ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། ཊཱིཀྐ་རང་ལས། དགེ་ཚུལ་གྱིས་མི་ཚངས་པར་སྤྱོད་པའི་སྦྱོར་ལྟུང་ལ་དགོངས་ནས་མི་ཚངས་སྤྱོད་ཀྱི་ལྟུང་བ་བཤགས་བྱའི་ཉེས་བྱས་སུ་བཤད་པའི་ཕྱིར་ཏེ། དེ་ཉིད་ལས། མི་ཚངས་པར་སྤྱོད་པ་ནི་དེ་སྤོང་བའི་བསླབ་པའི་གཞི་ཡང་དག་པར་བླངས་པ་ལས་འདས་པ་ཉིད་ཡིན་པས་དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས། ཁོ་ན་རེ། ཕམ་འདྲའི་ཉེས་བྱས་བཤགས་བྱའི་ཉེས་བྱས་ཡིན་ནོ་ཞེ་ན། དེ་མ་ཡིན་པར་ཐལ། བཤགས་དགོས་པའི་ལྟུང་བ་ཡིན་ན། བཤགས་བྱའི་ལྟུང་བ་ཡིན་པས་མ་ཁྱབ་པའི་ཕྱིར་ཏེ། ཕྱིར་བཅོས་དགོས་པའི་ལྟུང་བ་ཡིན་ན། བཤགས་བྱའི་ལྟུང་བ་ཡིན་པས་མ་ཁྱབ་པའི་ཕྱིར་ཏེ། ལྟུང་བ་ཡིན་ན། བཤགས་བྱའི་ལྟུང་བ་ཡིན་པས་མ་ཁྱབ་པའི་ཕྱིར་ཏེ། བསྡམ་བྱའི་ལྟུང་བ་ཡོད་པའི་ཕྱིར། གཞན་ཡང་། ལུགས་དེ་མི་འཐད་པར་ཐལ། དེ་བཤགས་པ་ཙམ་གྱིས་མི་འདག་པའི་ཕྱིར་ཏེ། འཆབ་སེམས་སྐྱེས་པའི་ཕམ་འདྲའི་ཉེས་བྱས་བཤགས་པ་ཙམ་གྱིས་མི་འདག་པའི་ཕྱིར་ཏེ། དེ་ལ་ཕྱིས་སྡོམ་པ་སྐྱེ་བའི་སྐལ་བ་མེད་པའི་ཕྱིར། འཆབ་སེམས་མ་སྐྱེས་པའི་ཕམ་འདྲའི་ཉེས་བྱས་བཤགས་པ་ཙམ་གྱིས་འདག་གོ་ཞེ་ན། དེ་ཡང་མི་འཐད་པར་ཐལ། དེ་ལ་བསླབ་པ་བྱིན་དགོས་པའི་ཕྱིར། ཡང་ཁོ་ན་རེ། བར་མ་གསུམ་ལས་འདས་པའི་ལྟུང་བ་དེ་བཤགས་བྱའི་ཉེས་བྱས་སུ་བྱེད་པ་མི་འཐད་པར་ཐལ། དེ་རྣམས་ཕྱོགས་མཐུན་གྱི་ལྟུང་བ་ཡིན་པའི་ཕྱིར་ཏེ། འོད་ལྡན་ལས། དེ་རྣམས་ཕྱོགས་མཐུན་ཡོངས་སུ་སྤང་བྱ་སྟེ། །ཁྱིམ་པ་འདྲ་བར་ཤམ་ཐབས་མི་བགོ་ཞིང་། །ཁ་དོག་གཅིག་གམ་ཁ་ཚར་ཅན་དཀར་མིན། །ཞེས་དང་། བྱེ༌བྲག་བཤད་མཛོད་ལས། ས་བོན་འཇོམས་དང་བསླབ་པའི་གཞི། །བཅུ་པོ་འདི་རྣམས་མ་གཏོགས་པ། །སོ་སོ་ཐར་པར་བསྟན་པ་དག ། བླངས་པའི་ཕྱོགས་མཐུན་ཤེས་པར་བྱ། ཞེས་གསུངས་པའི་ཕྱིར། ཞེས་ཟེར། འདི་ལ་ཁ་ཅིག ། འོད་ལྡན་ལས་དེ་ལྟར་གསུངས་པ་དེ་ཁྱིམ་པའི་རྟགས་ངོ་བོའི་སྒོ་ནས་མ་རྫོགས་པའི་ཁ་དོག་གཅིག་པའི་གོས་འཆང་བ་སོགས་ལ་དགོངས། བྱེ༌བྲག་བཤད་མཛོད་ཀྱི་དེ་སློབ་དཔོན་ལས་ཐོབ་པའི་སྡོམ་པ་དང་འགལ་བའི་དབང་དུ་བྱས་ཞེས་ལན་གདབ་པར་བྱེད། གཙང་ཊཱིཀ་དུ་ནི་འོད་ལྡན་གྱི་གསུང་དེ་དྲང་དོན་དུ་འགྲེལ་བར་མཛད་དེ་དཔྱད་དོ། །ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:བཤགས་བྱའི་ཉེས་བྱས་
|; |@@@ | | }}